12873
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། གསང་བའི་སྡེ་བརྒྱད་ནི། བདུད་པོ་ཁ་ཐུན་རཀྵ་དང་། གཤིན་རྗེ་གཤེད་པོ་དམར་ནག ཀླུ་བདུད་ནཱ་ག་རཱ་ཛ། གནོད་སྦྱིན་ཤན་པ་གྲི་ཐོགས། མ་མོ་སྲིད་པ་ཁྲོམ་འདེབས། བཙན་པོ་ཡམ་ཤུད་སྲོག་ལེན། བདུད་པོ་རེ་ཏེ་འགོ་ཡག སྲོག་བདག་དུང་གི་ཐོར་ཚུགས་ཅན་བཅས་བརྒྱད་དེ། སྡེ་བརྒྱད་བཅོས་ཐབས་ལས། བདུད་པོ་ཁ་ཐུན་རཀྵ་དང་། །གཤིན་རྗེ་གཤེད་པོ་དམར་ནག་དང་། །ཀླུ་བདུད་ནཱ་ག་རཱ་ཛ་དང་། །གནོད་སྦྱིན་ཤན་པ་གྲི་ཐོགས་དང་། །མ་མོ་སྲིད་པ་ཁྲོམ་འདེབས་དང་། །བཙན་པོ་ཡམ་ཤུད་སྲོག་ལེན་དང་། །བདུད་པོ་རེ་ཏེ་འགོ་ཡག་དང་། །སྲོག་བདག་དུང་གི་ཐོར་ཚུགས་སོགས། །གསང་བའི་སྡེ་བརྒྱད་འཁོར་བཅས་ལ། །ཞེས་གསུངས། |
| Domain | ཆོས་ལུགས། |