12902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་སྒྲུབ་རྡོ་རྗེ་ཕྲེང་བ་ (1)
Part of speech མིང་ཚིག
Definition གཏེར་ཆོས་ཤིག་སྟེ། ཡང་ཟབ་ཚེའི་སྒྲུབ་པ་ལས། གསང་སྒྲུབ་རྡོ་རྗེ་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཟབ་པའི་རྡོ་རྗེ་ཕྲེང༔ ད་ལྟ་མི་སྤེལ་རྡོ་རྗེའི་བྲག་ལ་སྦས༔ མ་འོངས་དུས་སུ་ལས་ཅན་ཐུགས་ཀྱི་སྲས༔ དེ་དང་ཕྲད་ནས་རང་གིས་ཉམས་སུ་བླངས༔ དུས་ལ་བབ་ན་སྙིང་གི་བུ་ལ་གཏོད༔ མ་སྤེལ་དམ་སེལ་རང་གི་ཚེ་ལ་གནོད༔ རྗེས་ཀྱང་རིམ་པར་ཤིན་ཏུ་གསང་དམ་བྱའོ༔ ༔ཞེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གདན་དྲངས། འདིའི་ནང་དོན་ལ། ཏིང་ངེ་འཛིན་དམིགས་པའི་སྤྲོ་བསྡུས་ཚེའི་བཅུད་བསྡུས་ཤིང་སྙིང་པོ་བཟླ་བའི་སྒོ་ནས་འཆི་མེད་རྡོ་རྗེའི་སྐུར་འགྱུར་བའི་ཆོ་ག་བསྟན།