12941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་སྔགས་གཟིམ་སྤྱིལ་ (1)
Part of speech མིང་ཚིག
Definition དབུས་ཕྱོགས་སྣེ་གདོང་རྫོང་གི་ཡར་ཀླུངས་གཙང་པོའི་ལྷོ་ན་ཡོད་པའི་རྩེད་ཐང་གྲོང་གི་ཉེ་འགྲམ་ཞིག་ཏུ་ཡོད་ཅིང་། ཐོག་མར་སྔ་འགྱུར་སྐབས་གནས་དེར་ཆོས་རྒྱལ་སྲོང་བཙན་སྐུ་མཚམས་སུ་བཞུགས་པས་གསང་སྔགས་གཟིམ་སྤྱིལ་ལམ། གསང་སྔགས་གཟིམ་སྦུག་ཅེས་གྲགས། སྔོན་ཆད་ཆོས་རྒྱལ་སྒྲུབ་ཕུག་ནང་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་པར་མ་ཟད། དེང་སང་ཡང་སྐུའི་རྟེན་དང་ཐུགས་ཀྱི་རྟེན་མཇལ་རྒྱུ་ཡོད་འདུག གནས་དེ་ཕྱིས་སུ་ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱིས་བདག་ཏུ་བཟུང་སྟེ་ས་ལུགས་ཕྱག་བཞེས་གནང་བ་དང་། དེ་ནས་རིམ་གྱིས་རྗེ་བློ་བཟང་གྲགས་པའི་དངོས་སློབ་བླ་མ་མཁྱེན་རབ་ངག་དབང་གྲགས་པ་ཕེབས་པ་ནས་དགེ་ལུགས་པ་དང་འབྲེལ་ཞིང་དགེ་ཕྱོགས་ཀྱི་བཙུན་དགོན་ཞིག་ཀྱང་བཞེངས་ཡོད། ད་ལྟ་གསར་བཞེངས་འདུ་ཁང་ནང་ཆོས་རྒྱལ་གྱི་ཕྱག་བཟོ་ཕྱག་སྟོང་སྤྱན་སྟོང་གི་ཐུགས་ཀར་ཤེལ་གྱི་ཐུགས་རྗེ་ཆེན་པོ་མཐོ་གང་བ་དང་། ཕྱག་འཁར། གཞན་ཡང་སྐུ་བརྙན་གསར་བཞེངས་གནང་བ་སོགས་ཡོད་འདུག

{{#arraymap:གསང་སྔགས་གཟིམ་སྤྱིལ་

|; |@@@ | | }}