12993
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ཤིང་བྱ་ཕྱི་ལོ་ ༡༨༨༥ ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུ་ལ་མཛད་ཅིང་། གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་ནང་ཚན། རྫོགས་པ་ཆེན་པོ་མ་ཧཱ་ཡོ་གའི་གཞི་ལམ་འབྲས་གསུམ་གཙོ་བོ་སྟོན་པའི་གཞུང་ལུགས། རྡོ་རྗེ་ཐེག་པའི་སྔགས་རྒྱུད་རྒྱ་མཚོ་ལྟ་བུ་མཐའ་དག་གི་དགོངས་དོན་རྣམ་པར་བཤད་པའི་དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་ཞིག་ཡིན། མཚན་རྒྱས་པར། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ་ཞེས་གསལ། |