From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསང་སྤྱོད་ (1)
| Part of speech
|
མིང་ཚིག
|
| Definition
|
གཅིན་གཅི་ས་དང་བཤང་བ་འདོར་སའི་ཁང་པ།
|
| Keyword
|
True
|
| Example
|
གསང་སྤྱོད་གཙང་མ་བྱས་ནས་ཉར་ལྟ་བུ།
|
གསང་སྤྱོད་ (2)
| Part of speech
|
མིང་ཚིག
|
| Definition
|
འཁྲིག་སྤྱོད་དེ། འཁྲིག་པ་སྤྱོད་དུས་མི་གཞན་ལ་མཐོང་དུ་མི་འཇུག་པར་གསང་བ་བྱས་ནས་སྤྱོད་པས་ནའོ། །
|
| Type
|
མངོན་བརྗོད།
|
གསང་སྤྱོད་ (3)
| Part of speech
|
མིང་ཚིག
|
| Definition
|
གསང་བ་སྔགས་ཀྱི་སྤྱོད་པ།
|
| Domain
|
ཆོས་ལུགས།
|
གསང་སྤྱོད་ (4)
| Part of speech
|
མིང་ཚིག
|
| Definition
|
བཀའ་བརྒྱུད་ཀྱི་སྤྱོད་པ་ལྔའི་ནང་གསེས་ཏེ། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བོགས་འདོན་པའི་སླད་དུ་དུར་ཁྲོད་དམ། ཤིང་གཅིག་ལ་སོགས་པའི་གནས་སུ་ཕྱག་རྒྱ་མོ་དང་ལྷན་ཅིག་གནས་པའོ། །
|