From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསལ་བ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
སྒྲིབ་གཡོག་མེད་པར་མངོན་པའི་རྣམ་པ་སྟེ།
|
| Example
|
རིག་པ་གསལ་བ། ལས་བཟང་ངན་གང་བྱས་སེམས་ལ་གསལ་བ། དྭངས་ཤིང་གསལ་བའི་ནམ་མཁའ་ལྟ་བུ།
|
གསལ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
གཏན་ཚིགས་རིག་པའི་གཞུང་དུ་བསྟན་པའི་རྟགས་གསལ་རྩོད་གཞི་གསུམ་གྱི་ཡ་གྱལ་གསལ་བ་སྟེ། དེ་ནི་བསྒྲུབ་བྱའི་ཆོས་སམ་དམ་བཅའ་ལ་གོ་བ་ཡིན་ཞིང་། དཔེར་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལྟ་བུར་ཆ་བཞག་ན། སྐབས་འདིའི་མི་རྟག་པ་ལྟ་བུ།
|
| Domain
|
ཚད་མ།
|
གསལ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སྤྱི་དང་བྱེ་བྲག་གི་ཟླས་ཕྱེ་བའི་བྱེ་བྲག་ལ་གསལ་བ་ཟེར་ཞིང་། དེ་ནི་རང་ལ་ཁྱབ་བྱེད་དུ་འཇུག་པའི་རང་གི་རིགས་ཡོད་པ་ཅན་གྱི་ཆོས་ཤིག་གོ ། དཔེར་ན་ཁྱབ་བྱ་གསེར་བུམ་དང་རྫ་བུམ་སོགས་ལ་ཁྱབ་བྱེད་རང་གི་རིགས་བུམ་པ་ཡོད་པས་དེ་དག་བུམ་པའི་བྱེ་བྲག་གམ་གསལ་བ་ཡིན་པ་ལྟ་བུའོ། །
|
གསལ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
ཤེས་པའམ་བློ།
|