13072
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསལ་བའི་ཚད་བཞི་ནི། ལམ་པས་སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་ལྷུན་གྱིས་འགྲུབ་པའི་ཏིང་ངེ་འཛིན་བརྟན་པར་འབྱུང་བའི་ཕྱིར། ཡི་གེ་ལ་བརྟེན་ནས་སེམས་སྦྱོང་ཚུལ་བསྟན་པའི་སྐབས་ནས་གསུངས་པའི་གསལ་བའི་ཚད་བཞི་སྟེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། སྟོང་པ་ཉིད་ཀྱི་ངང་ལ་རང་རིག་པའི་ཡི་གེ་ཨ་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ཞིག་ཏུ་བསྒོམ་མོ། །དེ་ཡང་རབ་ཏུ་བརྟན་པའི་ཚད་བཞི་དང་ལྡན་པ་སྟེ། གང་ཞེ་ན། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་བཏུབ་པའོ། །དེ་ལྟར་རང་རིག་ཨར་སྣང་བ་དེ་ཉིད་གཟུང་འཛིན་དང་བྲལ་ཅིང་ཉེས་པའི་སྐྱོན་གྱིས་མ་གོས་པར་དཀར་བ་སྟེ། གསལ་བའི་ཚད་བཞི་དང་ལྡན་པའོ། །གང་ཞེ་ན། སལ་ལེ། སང་ངེ་། ལྷག་གེ ལྷང་ངེ་བའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:གསལ་བའི་ཚད་བཞི་
|; |@@@ | | }}