13096

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསལ་བརྟན་གྱི་ཚད་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསལ་བརྟན་གྱི་ཚད་བརྒྱད་ནི། ལམ་པས་སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་ལྷུན་གྱིས་འགྲུབ་པའི་ཏིང་ངེ་འཛིན་བརྟན་པར་འབྱུང་བའི་ཕྱིར། ཡི་གེ་ལ་བརྟེན་ནས་སེམས་སྦྱོང་བའི་སྐབས་ཀྱི་གསལ་བའི་ཚད་བཞི་དང་། རབ་ཏུ་བརྟན་པའི་ཚད་བཞི་སྟེ། གསལ་བའི་ཚད་ལ། སལ་ལེ། སང་ངེ་། ལྷག་གེ ལྷང་ངེ་བཞི་དང་། བརྟན་པའི་ཚད་ལ། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་བཏུབ་པ་བཅས་གསལ་བརྟན་གྱི་ཚད་བརྒྱད་དོ། །
Domain ཆོས་ལུགས།

{{#arraymap:གསལ་བརྟན་གྱི་ཚད་བརྒྱད་

|; |@@@ | | }}