13118

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསལ་སྒྲོན་རྣམ་བཞི་ (1)
Part of speech མིང་ཚིག
Definition སྔགས་ཀྱི་དབུ་མའི་ལྟ་ཁྲིད་སྐོར། དཔལ་དུས་ཀྱི་འཁོར་ལོའི་ལྟ་སྒོམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པའི་མན་ངག་གི་གཞུང་བཀའ་རྒྱ་ཅན་ཞིག་སྟེ། སྟོང་ཉིད་གསལ་སྒྲོན། འོད་གསལ་གསལ་སྒྲོན། ཟུང་འཇུག་གསལ་སྒྲོན། ཕྱག་ཆེན་གསལ་སྒྲོན་བཅས་ལ་ཟེར་ཞིང་། དེ་ཡང་ཕྱིའི་སྣང་བ་དམིགས་བཅས་ཀྱི་སྟོང་གཟུགས་སུ་ངོ་སྤྲད་པའི་མན་ངག་སྟོང་ཉིད་གསལ་སྒྲོན་དང་། ནང་རིག་པ་དམིགས་མེད་སྙིང་རྗེ་ཆེན་པོར་ངོ་སྤྲད་པའི་མན་ངག་འོད་གསལ་གསལ་སྒྲོན། སྣང་རིག་གཉིས་མེད་ཡེ་ཤེས་ཆེན་པོར་ངོ་སྤྲད་པའི་མན་ངག་ཟུང་འཇུག་གསལ་སྒྲོན། ཟུང་འཇུག་ལམ་གྱི་འབྲས་བུ་དབང་སྐུར་ཐོབ་ཏུ་ངོ་སྤྲད་པའི་མན་ངག་ཕྱག་ཆེན་གསལ་སྒྲོན་ཞེས་ཇོ་ནང་མཁས་དབང་མང་བོས་མན་ངག་གི་མཐིལ་དུ་བཟུང་འདུག མཛད་པ་པོ་ནི་ཇོ་ནང་ཡུ་མོ་མི་བསྐྱོད་རྡོ་རྗེ་ཡིན་ལ། ནང་གི་རྣལ་འབྱོར་གྱི་དབུ་མ་རྒྱལ་བ་སྲས་བཅས་ནས་བརྒྱུད་པའི་སྔགས་ཀྱི་ལྟ་སྒོམ་གྱི་མན་ངག་བཀའ་རྒྱ་ཅན་རྣམས་ཡིག་ཐོག་ཏུ་བཀོད་པའི་ཐོག་མ་ཡིན་པས་ཕྱིས་བྱོན་མཁས་དབང་མང་བོས་ཁོང་གིས་སྔགས་ཀྱི་གཞན་སྟོང་གི་སྲོལ་ཕྱེས་ཟེར། གཞུང་དེའི་མཇུག་ཏུ། བླ་མ་རྗེ་བཙུན་གྱི་ཞལ་གྱི་གདམས་པ་ཡང་དག་པར་རྫོགས་སོ་ཞེས་བྱུང་། མན་ངག་ཞལ་རྒྱུན་དེ་ཉམས་སུ་བླངས་ནས་གྲུབ་པ་ཐོབ་ཚུལ་བླ་བརྒྱུད་རྣམ་ཐར་དུ་གསལ་ལ། བརྒྱུད་ཁུངས་རིམ་པ་ཙམ་ནི། གཞུང་དེའི་མཇུག་ཏུ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། ཆོས་རྒྱལ་རིགས་ལྡན་རྣམས། གྲུབ་ཆེན་དུས་ཞབས་ཆེ་ཆུང་། རྒྱལ་སྲས་ན་ལེན་དྲྭ་བ། པཎ་ཆེན་ཟླ་མགོན། བྲོ་སྟོན་ལོ་ཙཱ། བླ་མ་ལྷ་རྗེ་སྒོམ་པ། བླ་མ་སྒྲོ་སྟོན་གནམ་བརྩེགས། གྲུབ་ཆེན་ཡུ་མོ་ཞེས་བྱུང་ངོ་། མཛད་པའི་དུས་མི་གསལ་མོད། ཡུ་མོ་ཁོང་དང་དཔལ་ཆེན་རྒྭ་ལོ་གཉིས་ཕན་ཚུན་རྫུ་འཕྲུལ་འགྲན་ཚུལ་ཡུ་མོའི་རྣམ་ཐར་དུ་གསལ་བ་དང་། རྒྭ་ལོས་ཨ་བྷྱ་ཀ་ར་དང་ཙ་མི་དག་ལོ་དུ་མར་འཕགས་ཡུལ་དུ་བསྟེན་ནས་ས་ཆེན་ཀུན་དགའ་སྙིང་བོ་ལ་ཀྱེ་རྡོར་སྦྱོར་དྲུག་གི་གདམས་པ་གནངས་ཚུལ་བླ་བརྒྱུད་རྣམ་ཐར་དུ་གསལ་བ་དང་། དེབ་སྔོན་དུ་རྒྭ་ལོས་འཕོ་བ་གྲོང་འཇུག་གི་གདམས་ངག་ཞུ་ཡུལ་གྲོལ་སྒོམ་ཆོས་གཡུང་ཡིན་ཚུལ་དེབ་སྔོན་དུ་གསལ་བས་དེ་དག་ཕན་ཚུན་གོ་བསྡུར་ན་གྲོལ་སྒོམ་ཆོས་གཡུང་དང་རྒྭ་ལོ་དང་ཙ་མི་དང་ཨ་བྷྱ་ཀ་ར་དང་གྲུབ་ཆེན་ཡུ་མོ་རྣམས་བྱོན་པ་དུས་མཉམ་ཡིན་པས། གྲུབ་ཆེན་ཡུ་མོ་བྱོན་ལོ་ཡང་ཧ་ལམ་རབ་བྱུང་དང་བོའི་སྨད་ཙམ་སྟེ་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་སྨད་ཙམ་ལ་བྱོན།

{{#arraymap:གསལ་སྒྲོན་རྣམ་བཞི་

|; |@@@ | | }}