From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསལ་སྣང་ (1)
| Part of speech
|
རྒྱན་ཚིག
|
| Definition
|
རྨུགས་པ་དྭངས་པའི་རྣམ་པ་སྟེ།
|
| Example
|
རིག་པ་གསལ་སྣང་ལྟ་བུ།
|
གསལ་སྣང་ (1)
| Part of speech
|
མིང་ཚིག
|
| Definition
|
གསལ་པོར་བཀྲ་བའམ་མངོན་སུམ་པ་ལྟ་བུ་འཆར་བའི་རྣམ་པ་སྟེ།
|
| Example
|
རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོ་ལས། ལྷའི་རྣལ་འབྱོར་གང་ཡིན་གསལ་བཏབ་པའི་ཚེ་མངོན་སུམ་པ་ལྟ་བུའི་གསལ་སྣང་བྱུང་བྱུང་གི་བར་དུ་བསྒོམ་པར་བྱ་ཞེས་གསུངས་པ་ལྟ་བུ།
|
| Domain
|
ཆོས་ལུགས།
|
གསལ་སྣང་ (2)
| Part of speech
|
མིང་ཚིག
|
| Definition
|
སད་མི་བདུན་གྱི་ཡ་གྱལ་སྦ་གསལ་སྣང་གི་མིང་གི་རྣམ་གྲངས་ཏེ།
|
| Example
|
སྦ་བཞེད་ལས། གསལ་སྣང་རྒྱ་ནག་ནས་འཁོར་མ་ཐག་ཏུ། བཙན་པོས་ད་ནི་བོདྷི་ས་ཏྭ་སྤྱན་དྲོངས་ཞེས་བཀའ་བསྩལ་ནས་གསལ་སྣང་གིས་ཀྱང་མཁན་པོ་སྤྱན་འདྲེན་པར་བལ་ཡུལ་དུ་ཕྱིན་པ་དང༌ཞེས་པ་ལྟ་བུ།
|
གསལ་སྣང་ (3)
| Part of speech
|
མིང་ཚིག
|
| Definition
|
ཉི་མ་སྟེ། འཇིག་རྟེན་ཐམས་ཅད་གསལ་ཞིང་སྣང་བས་སོ། །
|
| Type
|
མངོན་བརྗོད།
|