13135
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། གསས་སམ་གསས་མཁར་ཞེས་པའི་དོན་གྱི་གཙོ་བོ་ནི། མི་མཐུན་ཕྱོགས་ཀྱིས་འཇིག་བྲལ་མི་མངའ་བའི་དོན་ཡིན་ནོ། །འགལ་རྐྱེན་གྱིས་འཇིག་བྲལ་མི་མངའ་བའི་ལྷའི་གཞལ་ཡས་ཁང་ངམ་ལྷ་ཁང་ལ་འཇུག་སྟེ། ཞང་སྐད་དུ། མུ་ཡེ་ཧ་ར་སད་ཞེས་པ། བསྒྱུར་ན་མུ་ཡེ་ནི་དབྱིངས་དང། ཧ་ར་ཡེ་ཤེས། སད་ལྷ་སྟེེ། དབྱིངས་དང་ཡེ་ཤེས་འཇིག་བྲལ་མེད་པའི་གསས་མཁར་ན་ཡེ་ཤེས་ཀྱི་ལྷ་བཞུགས་པ་སྟེ་གསས་མཁར་ཞེས་པའི་དོན་འགྱུར་རོ། །ཞེས་འགྲོ་མགོན་གྱི་སྔགས་འགྲེལ་ལས་གསུངས་སོ། །མདོར་ན། གསས་ཞེས་པ་སྐབས་འགར་ལྷ་ལ་འཇུག་པ་ལྟ་བུ་མཐོང་སྲིད་མོད་འཇུག་དོན་ངོ་མ་ནི་གོང་བཤད་ཀྱི་དོན་ལས་མི་འདའ་ཞིང་། མཁར་ཞེས་པ་ཡང་འདིའི་དོན་དང་མཐུན་པར་འཇུག་པ་ཡིན་པས་སྐབས་འགར་ཁང་པ་ལ་སྦྱར་ཚེ་གསས་ཁང་དང་མཁར་ཁང་ཞེས་བརྟན་ཅིང་འཇིག་བྲལ་མི་མངའ་བའི་ཁང་པ་ལ་འཇུག་པ་ཡིན་ནོ། །ལ་ལས་གསས་ནི་ལྷའི་དོན་དུ་འཇུག་ཟེར་ནས་གསས་ཁང་ཞེས་པ་ལྷ་ཁང་གི་དོན་ཅན་ཡིན་པར་བཤད་པ་ཡང་ཡོད་དོ། ། |
Domain | ཆོས་ལུགས། |
{{#arraymap:གསས་མཁར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྟོན་པས་གསུངས་པའི་བཀའམ་བོན་ལ་གོ་སྟེ། མདོ་དྲི་མེད་གཟི་བརྗིད་ལས། བོན་ལ་རྣམ་གྲངས་གསུམ་ཡིན་ཏེ། སྤྱི་རུ་ཐེག་པ་རིམ་དགུ་སྟེ། སྒོས་སུ་གསས་མཁར་སུམ་བརྒྱ་དང༌། ཡང་སྒོས་བརྒྱད་ཁྲི་བཞི་སྟོང་དབྱེ། ཞེས་གསུངས་པས་སོ། །སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་ཇི་ལྟར་ཡིན་ཞེ་ན། གབ་པའི་འགྲེལ་བཞི་ལས། མཚན་ཉིད་ཀྱི་གསས་མཁར་བརྒྱ་དང་ཉི་ཤུ། གསང་སྔགས་ཀྱི་གསས་མཁར་བརྒྱ་དང་ཉི་ཤུ། སེམས་ཕྱོགས་ཀྱི་གསས་མཁར་བརྒྱ་དང་ཉི་ཤུའོ། །ཞེས་པ་ལྟར་རོ། ། |
{{#arraymap:གསས་མཁར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལྷ་ལ་འཇུག་པ་ནི། སྤྱི་སྤུངས་ཡི་དམ་གསས་མཁར་མཆོག་ལྔ་ཞེས་པ་ལྟ་བུ་སྟེ། སྐུ་དབལ་གསས་རྔམ་པ། གསུང་ལྷ་རྒོད་ཐོགས་པ། ཐུགས་གཙོ་མཆོག་མཁའ་འགྱིང་། ཡོན་ཏན་དབལ་ཆེན་གེ་ཁོད། ཕྲིན་ལས་འབྲུག་གསས་ཆེམ་པ་དང་ལྔའོ། ། |
{{#arraymap:གསས་མཁར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དེ་ཡང་བརྟན་ཅིང་འགལ་རྐྱེན་གྱིས་བསྒྱུར་བའམ་གཡོ་བ་སོགས་མི་ཐུབ་པའི་དོན་ཅན་དུ་བཤད་ཡོད་པ་བཞིན། མི་མཐུན་ཕྱོགས་ཀྱིས་གཞོམ་པར་མི་ནུས་པའི་དངོས་རྫས་སྣོད་ལྟ་བུ་ལ་འཇུག་སྟེ། |
Example | དེ་འདྲའི་ཁྱད་ལྡན་གྱི་ཆུ་སྣ་གསུམ་སོགས་བླུག་སྣོད་ཀྱི་ཁྲུས་བུམ་ལ་ཆུ་གསུམ་གསས་མཁར་ཞེས་བརྗོད་ལ། གཞན་ཡང་ཚེ་དང་གཡང་སོགས་འགུག་སྣོད་ཀྱི་ཚེ་བུམ་ལ་ཕྱྭ་རི་དམུ་ཞགས་གསས་ཁང་ཞེས་གསུངས་པ་ལྟ་བུ། |
{{#arraymap:གསས་མཁར་
|; |@@@ | | }}