13171
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། གསུང་གི་དམ་ཚིག་སྔགས་ཕྱག་རྒྱ་རྒྱུན་མི་གཅོད་པར་བླ་མའི་ཅི་གསུང་བསྒྲུབ་ཅིང་མཆེད་ལྩམ་གྱི་ངག་མི་གཅོག་པ་དང་། ཁྱད་པར་དུ་སྣང་སྲིད་དབྱིངས་དང་ཡེ་ཤེས་སུ་གསལ་བས་གཉིས་མེད་ཀྱི་ངང་དུ་སྒོ་གསུམ་ལས་ངག་རྒྱལ་བའི་གསུང་དུ་རྟོགས་པ་ལས་མི་འདའ་བའི་ཐ་ཚིག་མཆོག་ཏུ་གསུངས། |
Domain | ཆོས་ལུགས། |
{{#arraymap:གསུང་གི་དམ་ཚིག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཡེ་གཤེན་རྒྱུད། བོན། རྒྱལ་བའི་བཀའ་ལས་མི་འདའ་ཞེས་པ། སངས་རྒྱས་ཀྱི་གསུང་རབ་རྣམས་ལས་ཇི་ལྟར་གསུངས་པའི་དོན་དང་འགལ་བར་མི་སྤྱོད་པ་དང་། བླ་མ་དམ་པའི་བཀའ་མི་བཅག་ཅེས་པ་རྩ་བ་དང་བརྒྱུད་པས་བསྡུས་པའི་དྲིན་ཅན་བླ་མ་རྣམས་ཀྱིས་གང་གསུངས་བཞིན་དང་དུ་ལེན་པ། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་ཅེས་པ། ཡི་དམ་གྱི་སྔགས་སམ་སྙིང་པོ་དང་དེའི་ཕྱག་རྒྱ་བཅའ་བསྒྱུར་རྣམས་རྒྱུན་དུ་སྤྱོད་ཅིང་དེ་ལས་ལོག་པ་རྣམས་བསྲུང་བར་བཅས་པ་དེ་དག་གོ ། |
{{#arraymap:གསུང་གི་དམ་ཚིག་
|; |@@@ | | }}