13172
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། དེ་བཞིན་གཤེགས་པའི་དོན་གྱི་གསུང་གཅིག་པུ་དེ་ཀ་གསུང་གི་དཀྱིལ་འཁོར་བརྗོད་བྱ་ཐམས་ཅད་གསལ་བར་མཚོན་པའི་ཚིག་གམ། གསུང་དེ་དབྱངས་ཀྱི་ཡན་ལག་ནི་བཅུ་གཉིས་སམ། ཡང་ན་འགྲོ་བ་རིགས་དྲུག་རེ་རེའི་གནས་སུ་ཡང་གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གདུལ་བྱ་ལ་ཀུན་ཏུ་ཁྱབ་པའི་སྒྲ་དང་མིང་ཚིག་སོ་སོར་གྲགས་པ་ཐམས་ཅད་ཀྱང་ཚིག་རེས་དོན་རེ་མཚོན་པ་ལས་མི་འདའ་བས་ན་གསུང་གི་ཕྱག་རྒྱའི་མཆོག་གོ ། ཞེས་གསུངས། འདི་ལ་ཚིག་གི་གསུང་ཞེས་ཀྱང་གསུངས་ཏེ། གསུང་གི་རྣམ་གྲངས་ལྔའི་སྐབས་སུའང་གཟིགས། |
Domain | ཆོས་ལུགས། |
{{#arraymap:གསུང་གི་ཕྱག་རྒྱ་མཆོག་
|; |@@@ | | }}