13188

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསུང་གི་རྣམ་གྲངས་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསུང་གི་རྣམ་གྲངས་ལྔ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། ལོངས་སྐུའི་དགོངས་པ་བརྡའི་གསུང་། རིག་པ་བྱིན་གྱིས་བརླབས་ཀྱི་གསུང་། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། གསུང་མཆོག་དབྱེར་མེད་རྡོ་རྗེའི་གསུང་དང་ལྔ་སྟེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ཇི་ལྟར་སྒྲའམ་བརྡའི་སྒོ་ནས་གསུང་རབ་ཀྱི་དོན་ཀུན་ཚིག་ཏུ་བརྗོད་པ་ཐམས་ཅད་ཀྱང་བསྡུས་ན་གསུང་གི་རྣམ་གྲངས་ལྔའམ་དྲུག་ཏུ་འདུས་ཏེ། དེ་བཞིན་ཉིད་ཀྱི་དོན་བརྗོད་དུ་མེད་པའི་ཕྱིར། ཚིག་ཏུ་གསུང་བ་མེད་པ་ནི་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ངོ་། །དེ་ཉིད་མཚོན་བྱེད་ཀྱི་ཡི་གེ་མེད་པ་དང་ལྗགས་ཀྱི་རྩེ་མོར་སྒྲ་ཚིག་ཏུ་མ་བྱུང་ཡང་བརྡ་དོན་འཇལ་བར་བྱེད་པས་ན་ལོངས་སྐུའི་དགོངས་པ་བརྡའི་གསུང་ངོ་། །དེ་ཉིད་ཀྱང་རང་རིག་པ་ཁོ་ནའི་ཕྱིར་རིག་པ་ཡེ་ཤེས་ཀྱི་གསུང་དེ་ནི་སྤྲོས་པ་དང་བྲལ་ཀྱང་བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེས་ཆོས་ཐམས་ཅད་དང་། སྒྲ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པའི་གསུང་གི་བྱིན་རླབས་ཅིར་ཡང་མི་འགག་པ་ནི་རིག་པ་བྱིན་གྱིས་བརླབས་ཀྱི་གསུང་ངོ་། །འགྲོ་དོན་སྣ་ཚོགས་གདུལ་བྱའི་བསམ་པ་དང་མཐུན་པར་སོ་སོར་བརྡའི་དོན་དུས་གཅིག་ཏུ་གསལ་བར་སྟོན་པ་སྤྲུལ་སྐུ་བརྗོད་ཚིག་གི་གསུང་ངོ་། །གསུང་ལྔ་ཡང་མ་འགགས་པ་གསལ་བའི་དུས་ཉིད་ནའང་རང་བཞིན་ལས་གཡོས་པ་མེད་པས་གསུང་གི་མཆོག་སྟེ། དབྱེར་མེད་རྡོ་རྗེའི་གསུང་ངོ་། །དེ་བཞིན་ཚིག་ཏུ་མ་བརྗོད་པར་གསལ་བར་གོ་བ་ལ་སོགས་པའི་གསུང་གི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་རྣམས་ཀྱང་དེ་བཞིན་གྱི་ངང་ལས་མ་གཡོས་པར་སྒྲའི་བྱེ་བྲག་ཐ་དད་པ་སྣ་ཚོགས་སུ་གྲགས་ཀྱང་། དཔེར་ན་བྲག་གིས་མ་སྨྲས་བཞིན་དུ་བྲག་ཅའི་སྒྲ་ཀ་དང་ཀི་ལ་སོགས་པ་ངག་གིས་ཇི་ལྟར་བརྗོད་པ་ལྟར་འབྱུང་བ་བཞིན་ནོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གསུང་གི་རྣམ་གྲངས་ལྔ་

|; |@@@ | | }}