13224

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསུང་ཡིག་འབྲུ་གསུམ་ངོ་སྤྲད་པ་གསུམ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས་ཏེ་ཞུས་ལན་ལས་བྱུང་བ་སྟེ། ༡ སྤྱི་གཙུག་གི་ཨོཾ་དེ་བདེ་བར་གཤེགས་པའི་སྐུའི་སྙིང་པོར་ངོ་སྤྲད༔ ༢ མགྲིན་པའི་ཨཱཿ གསུང་གི་སྙིང་པོར་ངོ་སྤྲད༔ ༣ ཐུགས་ཀའི་ཧཱུྃ་ཐུགས་ཀྱི་སྙིང་པོར་ངོ་སྤྲད༔
Domain ཆོས་ལུགས།

{{#arraymap:གསུང་ཡིག་འབྲུ་གསུམ་ངོ་སྤྲད་པ་གསུམ་

|; |@@@ | | }}

གསུང་ཡིག་འབྲུ་གསུམ་ངོ་སྤྲད་པ་གསུམ་ (2)
Part of speech མིང་ཚིག
Definition ཨོཾ་གྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱོང་བར་ངོ་སྤྲད༔ ཨཱཿ ས་ངག་གི་སྒྲིབ་པ་སྦྱོང་བར་ངོ་སྤྲད༔ ཧཱུྃ་གིས་ཡིད་ཀྱི་སྒྲིབ་པ་སྦྱོང་བར་ངོ་སྤྲོད༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་བས་གྲུབ་རྟགས་རྣམ་གསུམ་འབྱུང་སྟེ༔

{{#arraymap:གསུང་ཡིག་འབྲུ་གསུམ་ངོ་སྤྲད་པ་གསུམ་

|; |@@@ | | }}

གསུང་ཡིག་འབྲུ་གསུམ་ངོ་སྤྲད་པ་གསུམ་ (3)
Part of speech མིང་ཚིག
Definition ཨོཾ་གྱིས་ལུས་ལ་བདེ་བ་འབྱུང་སྟེ༔ བདེ་བ་ཆོས་ཀྱི་སྐུར་ངོ་སྤྲད༔ ཨཱཿ ས་གསུང་གྲུབ་པས་ངག་ལ་ནུས་པ་འབྱུང་སྟེ༔ གྲགས་སྟོང་ཆོས་ཉིད་ཀྱི་སྒྲར་ངོ་སྤྲད༔ ཧཱུྃ་གིས་ཐུགས་གྲུབ་པས་སེམས་ལ་རྟོག་པ་འཆར་ཏེ༔ གསལ་ལ་མི་རྟོག་པའི་ཆོས་ཀྱི་དབྱིངས་སུ་ངོ་སྤྲད༔

{{#arraymap:གསུང་ཡིག་འབྲུ་གསུམ་ངོ་སྤྲད་པ་གསུམ་

|; |@@@ | | }}