13230
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱལ་བའི་ཞལ་ནས་གསུངས་པའི་བཀའ་ཡིན་ཞིང་། དེ་ལ་བཀའ་འཁོར་ཐོག་མཐའ་བར་གསུམ་ཡོད་དེ། གཟི་བརྗིད་པོད་བཅུ་གཅིག་ལས། གསུང་རབ་དག་ལ་རྣམ་པ་གསུམ། རྒྱལ་བའི་ཞལ་ནས་གསུངས་པ་ཡི། བཀའ་ལ་ཐོག་མཐར་བར་གསུམ། ཞེས་སོ། །དེ་ཡང་རྒྱལ་བ་སྟོན་པ་གཤེན་རབ་མི་བོའི་སྐུ་ཚེ་ཧྲིལ་པོ་ལ་ཞལ་ནས་གསུངས་པའི་བཀའ་ལ་བྱ་སྟེ། གཤེན་ལོ་གཅིག་ནས་བཅུ་གཉིས་བར་དུ་གསུངས་པ་ལ་བཀའ་ཐོག་མ་དང། གཤེན་ལོ་བཅུ་གཉིས་ནས་སོ་གཅིག་བར་དུ་གསུངས་པ་ལ་བཀའ་བར་པ་དང། ཉེར་ལྔ་ནས་བརྒྱད་ཅུ་གྱ་གཉིས་བར་དུ་གསུངས་པ་ལ་བཀའ་ཐ་མའི་དབང་དུ་བྱེད་པའོ། །དེའི་རྣམ་བཞག་རྒྱས་པ་བཀའ་འཁོར་ཐོག་མཐའ་བར་གསུམ་ལ་གཟིགས། |
Domain | ཆོས་ལུགས། |
{{#arraymap:གསུང་རབ་
|; |@@@ | | }}