13241

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསུང་རབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ཕྱི་ལོ་ ༡༨༩༦ ལོར་མཚོ་སྔོན་གྱི་རི་བོ་དན་ཏིག་གི་ཉེ་འཁོར་བ་ཡན་སྟག་ཚང་སྡེ་བའི་སྒ་གཡག་རི་ཚང་ཟེར་བ། གསང་སྔགས་རྙིང་མའི་ཁྱིམ་གཞིས་ཤིག་ཏུ་ཡབ་སྐལ་རྡོའམ་པད་མ་བཀྲ་ཤིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ཕྱི་ལོ་ ༡༩༨༢ ལོར་ཟི་ལིང་མཁར་དུ་སྐུ་གཤེགས། ལོ་བདུན་པར་བ་ཡན་གཡུ་ཚད་དགོན་དུ་ཞུགས། དཔེ་ཆར་སྦྱངས། ལོ་གཉིས་རྗེས་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུགས། གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་གནང་། དགུང་ལོ་ཞེ་གཉིས་ཀྱི་སྟེང་ནས་དགེ་བའི་བཤེས་གཉེན་གྱི་ཐོབ་ཐང་བཞེས། མ་པུ་ཧྥང་གིས་གདན་འདྲེན་ལྟར། བོད་ཡིག་འབྲི་མཁན་གྱི་དྲུང་ཡིག་དང་མ་པུ་ཧྥང་གི་བུའི་བོད་ཡིག་དགེ་རྒན་གྱི་ལས་འགན་ཁུར། ཁོང་ ༡༩༤༩ ལོར་གསར་བརྗེའི་བྱ་བར་ཞུགས་རྗེས་སྔ་གཞུག་ཏུ་མཚོ་སྔོན་ཟིང་ཅིང་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་རྩོམ་བསྒྱུར་ཁང་གི་ཁའོ་ཀྲང་གཞོན་པའམ་ནུབ་བྱང་རིག་སློབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་སློབ་གསོ་ཐོན་གྱི་ཐིན་ཀྲང་། ཞིང་ཆེན་རྩོམ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་པོ། ཀྲུང་གོ་གློག་བརྙན་གྱི་བྱ་བ་བྱེད་མཁན་གྲོས་ཚོགས་ལི་ཧྲི་ཚོགས་པའི་ལི་ཧྲི། མཚོ་སྔོན་ཞིང་ཆེན་སྐབས་དང་པོ་དང་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་གཉིས་པ། བཞི་པ། ལྔ་བའི་ཨུ་ཡོན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་ལི་ཧྲི། ཞིང་ཆེན་སྲིད་གྲོས་སྐབས་གསུམ་པའི་ཨུ་ཡོན་དང་སྐབས་བཞི་པའི་ཀྲུའི་ཞི་གཞོན་པ་བཅས་ཀྱི་འགན་ཁུར་བཞེས་མྱངས། ཁོང་གི་བརྩམས་ཆོས་ནི། དག་ཡིག་ཉི་མའི་འོད་ཟེར་དང་། སུམ་རྟགས་མདོར་བསྡུས། སློབ་སྐུལ་གདམ་གྱི་པ་བདུད་རྩི་ཐིག་པ། གྲོང་ཁྱེར་ཁྲང་ཁྲོན་གྱི་གནས་ཚུལ་ཞུ་བའི་འཕྲིན་ཡིག ཤ་ཚའི་སྙིང་གཏམ་བཅས་ཡོད།

{{#arraymap:གསུང་རབ་རྒྱ་མཚོ་

|; |@@@ | | }}