From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསུས་ཁྲག་ (1)
| Part of speech
|
མིང་ཚིག
|
| Definition
|
ཁོག་པའི་ཁྲག་གི་མིང་སྟེ། ཕོ་བའི་ཟས་ཀྱི་དྭངས་མ་ཁྲག་རྒྱུ་བའི་ལམ་རླུང་གིས་བཀག་ནས་གསུས་པའི་ནང་དུ་ཁྲག་འདྲེས་པ།
|
གསུས་ཁྲག་ (2)
| Part of speech
|
མིང་ཚིག
|
| Definition
|
སྤྱིར་བུད་མེད་ཀྱི་མངལ་ནས་འབྱུང་བའི་ཁྲག་གི་མིང་ཡིན་ཡང༌། བྱེ་བྲག་སྨན་དུ་སྤྱོད་བྱ་ནི་བུད་མེད་གཞོན་ནུ་ནད་མེད་གྲོང་བའི་ཆོས་ཀྱིས་མ་གོས་པའི་མངལ་ཁྲག་ལ་གོ་དགོས་ཏེ། རོ་མངར་ལ་ལན་ཚ་བ། ཞུ་རྗེས་མངར་བ། ནུས་པས་རྩ་ཁ་སྡོམ་པ་དང༌། ཤའུ་སྐྱེད་ཅིང་མཛེར་བ་འཇོམས་པའོ། །
|