13356

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་མེ་འབྲུག་ཕྱི་ལོ་ ༨༥༦ ལོར་ལྷ་སར་རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་ཡབ་གཞིས་གཡུ་ཐོག་པའི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ཡེ་ཤེས་འབར་ཞེས་ཞུ། བཅུ་པར་དགའ་ལྡན་ཁྲི་ཆེན་ངག་དབང་ནོར་བུ་བསྟེན། དགའ་ལྡན་བྱང་རྩེ་གྲ་ཚང་དུ་ཆོས་ཞུགས་མཛད། གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་། ཡོངས་འཛིན་བློ་བཟང་བསྟན་འཛིན། རོང་བོ་དགེ་འདུན་རྒྱ་མཚོ། བྱང་རྩེ་ཆོས་རྗེ་བསྟན་འཛིན་རབ་རྒྱས་སོགས་བླ་མ་མང་དུ་བསྟེན། མདོ་སྔགས་ཀྱི་ཟབ་ཆོས་རྣམས་གསན། ཉེར་བཞི་པར་ལྷ་རམས་པའི་དམ་བཅའ་མཛད། ཁྲི་ཆེན་ངག་དབང་ནོར་བུས་བཀའ་ལྟར་རིག་མ་བཞེས། སྐྱེ་འཕྱ་སྨོད་སྣ་ཚོགས་ལ་བརྟེན་ཆོས་རྣམ་དག་ཅིག་བྱ་རྒྱུའི་མཐུན་རྐྱེན་དུ་གྱུར། ཕྱག་རྫས་དང་ཁྱིམ་གཞིས་གང་ལ་མ་ཆགས་པར་དབེན་པའི་རི་ཁྲོད་འགྲིམས། ལོ་ཤས་རྗེས་གྲུབ་རྟགས་མངོན་སུམ་ཐོན་ནས་མཚན་ཆེར་གྱུར། བཞི་བཅུ་ཐམ་པར་འབྲུག་ཡུལ་དང་མོན་ཡུལ་སོགས་ནས་གདན་འདྲེན་ཞུས། བསྟན་འགྲོའི་དོན་ཆེན་བསྒྲུབས། ཞེ་དགུ་པ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་དབྱིན་དམག་ལྷ་སར་སླེབས་སྐབས་རྒོལ་ལན་སྤྲད། ཅུ་རེ་གསུམ་པར་པཎ་ཆེན་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་བཀྲ་ཤིས་ལྷུན་པོར་གདན་འདྲེན་ཞུས། ཕན་ཚུན་བཀའ་ཆོས་གསན་རེས་མཛད། རེ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ས་རྟ་ཕྱི་ལོ་ ༡༩༡༨ ལོར་སྐུ་གཤེགས། གསུང་རྩོམ་ནི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་བུམ་སྒྲུབ་དང་དབང་བཞི་ལེན་ཚུལ་ཉེས་ལྷུང་དག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་དང་། བདེ་མཆོག་ལ་བརྟེན་པའི་སྒྲུབ་སྦྲགས་མའི་ཆོ་ག་དངོས་གྲུབ་གཏེར་མཛོད་བཅས་ཆོས་ཙན་བཅོ་ལྔ་ལོངས་པའི་པོད་གཅིག་བཞུགས།

{{#arraymap:གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན་

|; |@@@ | | }}