13370
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། གསེར་ལས་གྲུབ་པའི་གཤང་ཆུང་ཞིག་སྟེ། གཤང་ནི། ནམ་རྒྱུན་བོན་པོའི་སྤྱི་ཚོགས་སུ་བོན་པོར་མཚོན་བྱེད་ཀྱི་མཆོད་ཆས་ཐུན་མོང་མ་ཡིན་པ་ཞིག་ཡིན། དེ་ལ་ཆེ་བའི་རིགས་ལ་གཤང་ཆེན་དང་། ཆུང་བའི་རིགས་ལ་སིལ་སྙན་ཞེས་བྱའོ། །དབྱིབས་ནི། མཐའ་ཀོར་ཀོར། དཀྱིལ་ལ་རིམ་པས་ནང་དུ་ཀོང་ཀོང་གཤོང་གཤོང་དུ་གྲུབ་པ། དཀྱིལ་མཐིལ་ན་བུ་གའམ་ཨི་ཁུང་གཏོད་ལ། དེའི་དཀྱིལ་དུ་གསེར་དངུལ་སོགས་ཀྱིས་བཟོས་པའི་པད་འདབ་བུ་ག་ཅན་ལ་ཚོན་སྐུད་བརྒྱུ་ནས། སྒྲ་འབྱིན་བྱེད་ཤིང་དང་རྭ་ཅོས་བཟོས་པའི་སིལ་རྡོག་ཞེས་པ་ཞིག་བཏགས་ཡོད། འོག་སྣེ་ལ་ཀོ་བས་རི་མོ་ཅན་གྱི་ཡོ་བ་ལ་དཔལ་དབྱེ་དང། དར་རས་བཏགས་པའོ། །དེ་ཡང་ཕྱག་ཆ་བྱེད་དེ། གཟི་བརྗིད་པོད་གསུམ་པ་ལས། ཕྱག་མཚན་གསེར་གྱི་གཤང་ཆུང་བསྣམས། ཞེས་སོ། ། |
| Domain | ཆོས་ལུགས། |