13373
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མངོན་པ་མཛོད་ལས་བཤད་པའི་མི་མཇེད་འཇིག་རྟེན་གྱི་དཀྱིལ་འཁོར་གསུམ་གྱི་ཡ་གྱལ་ཞིག་སྟེ། ཆུའི་དཀྱིལ་འཁོར་དེ་ལས་ཀྱི་མཐུ་ལས་བྱུང་བའི་རླུང་དག་གིས་དེ་ཀུན་ནས་དཀྲུགས་པས་འོ་མ་བསྐོལ་བས་སྤྲིས་མ་ཆགས་པ་ལྟ་བུར། འོག་མ་ཆུ་སྟེང་མ་གསེར་གྱི་ས་གཞི་སྟེ་གཉིས་སུ་གྱུར་པའི་ཕྱིས་ནི་ཆུའི་དཀྱིལ་འཁོར་ཀྱི་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད། ལྷག་མ་དག་ནི་གསེར་གྱི་དཀྱིལ་འཁོར་གྱི་རྔམས་སུ་འགྱུར་ཏེ་སུམ་འབུམ་ཉི་ཁྲིའོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་རྒྱ་མཉམ་ལ། རྒྱའི་ཤར་ནུབ་ཀྱི་ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་སོ། །ཁོར་ཡུག་ཏུ་ནི་ཟླུམ་པོ་ཡིན་པས་སུམ་འགྱུར་རོ། །དེ་ཙ་ན་དཔག་ཚད་ས་ཡ་ཕྲག་གསུམ་དང་འབུམ་ཕྲག་དྲུག་ཁྲི་སུམ་བརྒྱ་ལྔ་བཅུའོ། ། |
| Domain | ཆོས་ལུགས། |