From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསེར་གྱི་ཕུད་བུ་ (1)
| Part of speech
|
མིང་ཚིག
|
| Definition
|
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ས་ངོས་སུ་བགྲད་པའམ་ཤིང་གཞན་ལ་འཁྲིལ་ནས་སྐྱེ་ཞིང༌། ལོ་ལྷེབ་ཆེ་ལ་རྩུབ་པ་རེ་རེས་མོས་སུ་སྐྱེ་བ། ལོ་མའི་མདུན་ལྗང་ལ་སྨུག་པ་རྒྱབ་ལྗང་སྐྱ། གཞོན་དུས་སྤུ་ཆུང་རྩུབ་པོ་ཡོད་པ། མེ་ཏོག་སེར་པོ་དང་སེར་སྐྱ་ཅི་རིགས་ལ་འདབ་མ་ལྔ་རེ་འཆར་ཞིང་མེ་ཏོག་ཡལ་རྗེས་འབྲས་བུ་ནར་མོ་སུལ་བརྒྱད་པ་ཅན་གཞོན་དུས་ལྗང་དཀར་ལ་སུལ་རིས་ལྗང་སྨུག་ཡོད་པ། རྒས་ནས་སེར་ལྗང་དུ་འགྱུར་ཞིང་ཐུར་དུ་འཕྱང་བ། ནང་གི་ཤ་རྒྱུ་དཀར་པོའི་གསེབ་ཏུ་རྩ་རྒྱུས་ཕྲ་མོའི་དྲྭ་བ་ཡོད་པ་ཞིག་སྟེ། བེ་ཏའི་འབྲས་བུ་ལྟར་རྩྭས་བཏུམས་པའི་ནང་གི་འབྲས་བུ་སྦུར་བ་ཞར་བ་ལྟ་བུ། ཁ་དོག་ནག་པོ་རོ་ཁ་བ་དེ་མཆོག་དང་དམན་པ་ནི་སེར་པོ་སྣལ་མའི་འཕང་གཟུགས་འདྲ་བ་བཅས། བོད་དབུས་གཙང་གི་མེ་ཏོག་དང༌། སྤོ་བོའི་ཡུལ། རྫ་ཡུལ་སོགས་ཚ་བ་ཆེ་བའི་ནགས་གསེབ་ཏུ་སྐྱེ་བ་མང༌། བོད་ཟླ་བརྒྱད་པ་ཙམ་ལ་འབྲས་བུ་བཏུས་ཏེ་ཧམ་རུལ་མ་ཤོར་བར་ཕྱི་ལྤགས་དོར་ནས་ནང་གི་འབྲུ་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུས་རྗེས་ཁ་བ། ནུས་པ་བསིལ་བས་བད་མཁྲིས་ཀྱི་ནད་སེལ་ཞིང༌། མཁྲིས་པ་གྱེན་དུ་འདྲེན་པ་དང༌། དུག་ནད་ལ་ཡང་ཕན་པ་ཡིན།
|
གསེར་གྱི་ཕུད་བུ་ (2)
| Part of speech
|
མིང་ཚིག
|
| Definition
|
གསེར་རྒྱན་གྱིས་སྤྲས་པའི་རལ་པའི་ཐོར་ཅོག་གི་མིང་།
|