13388

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་གྱི་འཁོར་ལོས་བསྒྱུར་བ་ (1)
Part of speech མིང་ཚིག
Definition དེ་ཡང་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཤ་རྨེན་བྱུང་བ་ལས་ང་ལས་ནུ་བྱུང་། དེ་ཉིད་ཁང་སྟེང་ན་ཡོད་པ་ལ་གསེར་གྱི་འཁོར་ལོ་ནམ་མཁའ་ལས་བྱུང་བ་ཤར་ཕྱོགས་ལས་རྒྱལ་བར་གྱུར་ཅིག་ཅེས་འཕངས་པས་འཁོར་དང་བཅས་པ་དེར་ཕྱིན་ཏེ། རིམ་གྱིས་གླེང་བཞི་སུམ་ཅུ་རྩ་གསུམ་དང་བཅས་པས་མདུན་བསུས་ནས་མངའ་དབང་དུ་མཛད་པས་འཁོར་ལོས་བསྒྱུར་བ་ཆེན་པོ་ཡིན་ལ། འདིར་གསེར་གྱི་འཁོར་ལོས་བསྒྱུར་བ་ཞེས་པ་ནི་མངའ་ཐང་ཆེན་པོར་གོ །