13392
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཆོས་མངོན་པ་མཛོད་ནས་བཤད་པའི་གསེར་གྱི་ས་གཞིའི་སྟེང་དུ། ཆར་པའི་རྒྱུན་དག་བབ་སྟེ་ས་བོན་རྣམ་པ་སྣ་ཚོགས་ཡོད་པའི་ཆུ་དེ་དག་མཐུ་རྣམ་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་བསྲུབས་པ་ལས་བྱུང་བའི་དབུས་རི་རབ་ཀྱི་འཁོར་ཡུག་ཏུ་བསྐོར་བའི་རི་རྣམས་ཏེ། མུ་ཁྱུད་འཛིན་དང༌། རྣམ་འདུད། རྟ་རྣ། ལྟ་ན་སྡུག སེང་ལྡེང་ཅན། གཤོལ་མདའ་འཛིན། གཉའ་ཤིང་འཛིན་བཅས་སོ། །དེ་དག་ནི་གསེར་གྱི་རང་བཞིན་ཡིན་ནོ། ། |
| Domain | ཆོས་ལུགས། |