13399

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་གྱི་སྦུར་ལེན་ (1)
Part of speech མིང་ཚིག
Definition བོན། སྔགས། བྱ་རྒྱུད། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ལས་དབང་པོ་སྒོ་བསལ་གྱི་རྫས་ཞིག་སྟེ། དབྱིབས་ནི་འདི་ལྟར་དེ་ཡུ་བ་ནི་གསེར་དངུལ་ཟངས་སོགས་གང་བྱེད་ཀྱང་འབྱོར་བ་ལ་རག་ལས་པས། ཡུ་བ་དེའི་རྩེ་ན་སྤོས་ཤེལ་ཞིག་བཏགས་ཡོད་དོ། །མ་དཔེ་ནི་གདན་ས་སྨན་རི་ན་ཡོད། མཚོན་དོན་ནི་སྤྱིར་སྦུར་ལེན་ཞེས་པ་ནི་སྤོས་ཤེལ་ཡིན། དེས་མིག་གི་དབང་པོའི་ནང་གི་རྡུལ་སོགས་འཐེན་ལེན་བྱེད་ཐུབ་པར་ལྟར། ཆུ་བུར་མིག་གིས་སྣོད་བཅུད་ཕྲ་བ་སོགས་མཐོང་མི་ཐུབ་པའི་རྐྱེན་རྣམས་དག་ཏེ། དེ་དག་མངོན་དུ་ཤེས་པའི་མངོན་ཤེས་ཐོབ་པའི་བརྡ་མཚོན་པ་སྟེ། མདོ་གཟེར་མིག་ལས། གསེར་གྱི་སྦུར་ལེན་འདིས། སྤྱན་གྱི་དབང་དབྱེ་ཡིན་བསལ་ལྟ་མི་འཚལ་ཏེ། སེམས་ཅན་མ་རིག་ལས་ཀྱིས་འཁོར་བ་ཡི། ཆུ་བུར་མིག་བསལ་ཕྱིར་ཕྱེ་བས། བདེར་གཤེགས་རྣམས་ཀྱི་བྱིན་རླབས་ཀྱིས། སེམས་ཅན་རྣམས་ཀྱི་མིག་ལ་ནི། གཟུགས་ཀྱི་མངོན་པར་ཤེས་པ་གསལ། སྣོད་བཅུད་ཐམས་ཅད་ཕྲ་རབ་རྡུལ་དུ་འདུག་པ་མཐོང་། ཞེས་སོ། །དབང་པོ་ལས་མིག་དབང་ལ་ལྟོས་ནས་བསྟན་ནོ། །
Domain ཆོས་ལུགས།