13425

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་ཏོག་སྐུ་ཕྲེང་དང་པོ་ངག་དབང་འཕྲིན་ལས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྗེ་འདི་བ་མདོ་སྨད་ལན་ཇུས་ཕྱོགས་ཀྱི་ཨོར་ཚོ་ནས་ཡིན་ཞིང། རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞབས་འབྲང་བ་བྱས་ཤིང། སོག་ཡུལ་དུ་འབུལ་སྡུད་ལ་ཕེབས། རྒྱལ་བ་ཡོན་ཏན་རྒྱ་མཚོ་ཡར་གདན་འདྲེན་ཞུས་སྐབས་བོད་དུ་ཕེབས་ཏེ་ར་མོ་ཆེའི་གསེར་ཐོག་བཞེངས་པར་མཛད་པས། གསེར་ཏོག་ཏའི་ཆིང་ནོ་མོན་ཨེ་ཙེན་ཞེས་པའི་ཆོ་ལོ་གནང། ཨལ་ཐན་རྒྱལ་བོའི་གདུང་རྒྱུད་རྣམས་ཀྱིས་བླ་མར་བཀུར། ཀུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་བོས་རྗེ་འདི་བླ་མར་བསྟེན། དགུང་ལོ་བརྒྱད་ཅུ་གྱ་ལྔ་པར་སྐུ་ཞི་བར་གཤེགས།