13426
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསེར་ཐང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང༌། མདོ་སྨད་ཐེ་བོ་རྫོང་ཞང་པཱ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། རབ་བྱུང་བཅུ་གསུམ་པའི་ས་སྟག་ཕྱི་ལོ་ ༡༧༥༨ ལོར་གསེར་ཐང་སྤྲུལ་པའི་སྐུ་སྐུ་ཕྲེང་དང་པོ་བྱ་བཟང་ཨ་མྱེས་ཐུབ་བསྟན་གྲགས་པས་ཕྱག་འདེབས་མཛད། འདི་པའི་སྐུ་ཕྲེང་ཕྱི་མ་རྣམས་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་གདན་སར་ཞུགས། རྡོ་རྗེ་འཇིགས་བྱེད་སོགས་ཀྱི་སྒྲུབ་མཆོད་གཙོ་བོར་བྱེད། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༢༥༠ ལྷག་བཞུགས། མཚན་གཞན། གསེར་ཐང་དགོན་ནོར་བུའི་གླིང༌། གསེར་ཐང་དགོན་མཁས་མང་བཤད་སྒྲུབ་གླིང༌། |