13442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་དངུལ་ལ་རེག་པའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་གསེར་དངུལ་ལ་རེག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ནོར་གྱི་སྲེད་པ་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་རིན་པོ་ཆེ་རུང་བ་མ་བྱས་པ་ལ་རང་ངམ་བསྐོས་པའི་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས། འདི་ལ་བཞི་ལས། གཞི་ནི་རིན་པོ་ཆེ་བཀག་པ་དངོས་སམ་དེ་དང་འདྲ་བ་དང་། ཐ་སྙད་གདགས་སུ་རུང་བ་དང་། ཚད་དང་ལྡན་པ་རང་གི་ཡིན་པ་རུང་བ་མ་བྱས་པའོ། ཀུན་སློང་བདག་གིར་བྱེད་འདོད་པའོ། སྦྱོར་བ་རང་ངམ་བསྐོས་པའི་རེག་པར་རྩོམ་པའོ། མཐར་ཐུག་བདག་གིར་བྱས་པའོ། །ཞེས་སོ། །པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། དགེ་སློང་གིས་རིན་པོ་ཆེར་གྲགས་ཤིང་རིན་པོ་ཆེའི་དོན་བྱེད་ནུས་པ་ལ་ཐོབ་བློ་སྐྱེས་ཤིང་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ལ་སོགས་པའི་རུང་བ་མ་བྱས་པ་མངོན་ཞེན་དམ་པོས་རང་ངམ་བསྐོས་པས་རེག་གམ་རེག་ཏུ་བཅུག་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། རིན་པོ་ཆེ་བདག་གིར་བྱས་ནའོ། །ལྕོགས་པ་ཉིད་དེ་རྫོགས་སོ། །ཞེས་པ་ནས་རེག་གམ་རེག་ཏུ་བཅུག་ནའོ། །ཞེས་དང་། གསེར་དངུལ་མུ་ཏིག་ནོར་བུ་དང་། མུ་སལ་གར་གྷ་གཡས་སུ་འཁྱིལ། །དམར་དང་ཤངྒ་ཤི་ལ་དང་། །བྱི་རུ་ལ་སོགས་རེག་ན་ལྟུང་། །ཞེས་གསུངས་སོ། །འདི་དག་ནི་དྲུག་སྡེས་རིན་པོ་ཆེ་རང་གིས་དངོས་སུ་ལེན་པ་དང་། གཞན་ལེན་དུ་འཇུག་པ་ལ་བརྟེན་ནས་བཅས་སོ། །ཞེས་གསུངས།
Domain ཆོས་ལུགས།