13453

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་བཟང་པོ་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཕྱིན་དྲུག་གི་སྒོ་ནས་གདུལ་བྱ་ལ་འདི་ཕྱི་ལ་ཕན་པ་དང་བདེ་བར་བྱའོ་སྙམ་པའི་བསམ་པ་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། གསེར་བཟང་པོ་ལྟ་བུ་ཡིན་ཏེ། རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཕན་བདེའི་བསམ་པ་གཞན་དུ་མི་འགྱུར་བ་ཡིན་པའི་ཕྱིར། ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། ཕར་ཕྱིན་དྲུག་ལ་དམིགས་པའི་ཕན་བདེའི་བསམ་པ་དང་ལྡན་པ་ནི། གསེར་བཟང་པོ་ལྟ་བུ་སྟེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལྡོག་པར་མི་འགྱུར་བས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།