13489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་ཟིལ་ (1)
Part of speech མིང་ཚིག
Definition གསེར་གྱི་མདོག་གམ་གསེར་མདངས་ཀྱི་གཟི་འོད།
གསེར་ཟིལ་ (2)
Part of speech མིང་ཚིག
Definition གཏེར་དངོས་སྨན་རྫས་ཀྱི་རིགས་ཤིག་སྟེ། རྡོ་དབྱིབས་ངེས་མེད་ཕལ་ཆེར་གསེར་རྡོ་འདྲ་བ་ལ་འོད་དེ་ལས་སྣ་རིང་ལ་འབོལ་བ། ཕལ་ཆེར་རིལ་འཇོང་དང་དེ་འདྲ་གཉིས་གསུམ་འབྱར་བ་རྒུན་འབྲུམ་གྱི་དབྱིབས་སམ། སྐྲན་འབུར་འདྲ་བ། འབར་འབུར་ཐམ་ཐུམ་ཅན། ཕྱི་ངོས་མདོག་སེར་སྐྱ་རྡོ་རྩི་ཅན། བཅག་ཁའི་ནང་ངོས་མདོག་སེར་པོ་ར་གན་འདྲ་བ་འོད་དང་ལྡན་ཞིང༌། སུལ་རིས་སྣ་རིང་ལྟེ་བ་ནས་མཐའ་རུ་གཤིབ་ནས་ཉི་ཟེར་འཕྲོ་བའི་དབྱིབས་ལྟར་གནས་པ། སྲ་མཁྲེགས་གཅོད་པར་དཀའ་བ། འདི་ཕ་ཝང་ལོང་བུ་དང་ཕན་ཚུན་མི་ནོར་བ་ནི་ནང་གི་བཅག་ཁའི་སུལ་རིས་ཉི་ཟེར་འདྲ་བའམ་ཕག་ཟེ་གཤིབས་པ་འདྲ་བ་ནི་གསེར་ཟིལ་གྱི་ཁྱད་ཆོས་ཡིན། རོ་བསྐ་ལ་ཞུ་རྗེས་ཁ་བ། ནུས་པ་བསིལ་བ་དང་ལྡན་པས་རུས་མདོག་ཉམས་པ་གསོ་ཞིང་རུས་པའི་མདངས་འབྱིན་པར་བྱེད་ལ། གཞན་ཡང་གསེར་ཟིལ་ཟངས་དང་ནུས་པ་མཚུངས་པར་ཡང་གསུངས་པ་ལྟར་རོ། །
Domain གསོ་རིག