From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསེར་ལྡན་ (1)
| Part of speech
|
མིང་ཚིག
|
| Definition
|
གཟའ་ལྷག་པ་སྟེ། གསེར་འོད་དང་ལྡན་པས་ནའོ། །
|
| Type
|
མངོན་བརྗོད།
|
གསེར་ལྡན་ (2)
| Part of speech
|
མིང་ཚིག
|
| Definition
|
མུ་ཟི་སྟེ། མདོག་སེར་བོ་གསེར་འོད་དང་ལྡན་པས་སོ། །
|
གསེར་ལྡན་ (3)
| Part of speech
|
མིང་ཚིག
|
| Definition
|
ཨ་རུ་འཇིགས་མེད་དེ། ཁ་དོག་སེར་བོ་གསེར་འོད་དང་ལྡན་པའི་ཆ་ནས་བཏགས།
|
གསེར་ལྡན་ (4)
| Part of speech
|
མིང་ཚིག
|
| Definition
|
ཏིག་ཏ་སྟེ། ཁ་དོག་སེར་བོ་གསེར་མདོག་ཅན་ཡོད་པས་སོ། །
|
གསེར་ལྡན་ (5)
| Part of speech
|
མིང་ཚིག
|
| Definition
|
གསེར་ཏིག་སྟེ། ཁ་དོག་དམར་སེར་གྱི་མེ་ཏོག་དང་ལྡན་པས་སོ། །
|
གསེར་ལྡན་ (6)
| Part of speech
|
མིང་ཚིག
|
| Definition
|
རྟ་མཆོག་སྟེ། གསེར་གྱི་རིན་ཐང་དང་ལྡན་པས་སོ། །
|