13537

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་སྐྱེམས་ (1)
Part of speech མིང་ཚིག
Definition ལྷ་དང་རྒྱལ་པོ་སོགས་ལ་འབུལ་རྒྱུའི་ཇ་ཆང་ངམ་བཏུང་བའི་མིང་སྟེ། ཞལ་སྐྱེམས་ཞེས་པ་དང་དོན་འདྲ།
Example ཆོས་སྐྱོང་སྲུང་མར་གསེར་སྐྱེམས་ཕུལ། ལྷ་ལ་གསེར་སྐྱེམས་འབུལ་བ་ལྟ་བུ།
གསེར་སྐྱེམས་ (2)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། ཆང་སོགས་ཀྱི་ནང་དུ་གསེར་ཕྱེ་མ་དང་ཁྲོལ་བུ་ཅི་རིགས་བླུགས་པའི་མཆོད་པ་ཞིག་སྣང་ངོ་། །དེ་ཡང་ཕྱི་སྒོ་སྲུང་བའི་རྒྱལ་པོ་ཆེན་པོ་བཞི་དང་བཀའ་གཉན་ལྷ་སྲིན་སྡེ་བརྒྱད་སོགས་ལ་འབུལ་རྒྱུའི་མཆོད་པ་ཞིག་ཡིན་མོད། དོན་གྱི་གོ་དོན་ནི། སྐྱེམས་ཞེས་པ་ནི་བོད་ཀྱི་ཡུལ་སྐད་རྙིང་པ་འགར་ཁ་སྐོམ་པ་ལ་བརྗོད་པ་ཡིན་པས། དོན་དུ་གསེར་དང་སྐྱེམས་གཉིས་ལྷན་དུ་དྲིལ་བའི་མིང་ཚིག་འདིའི་གོ་དོན་ངོ་མ་ནི་གསེར་གྱི་སྐོམ་གསོས་ཀྱི་བདུད་རྩིའི་མཆོད་པ་ཞིག་ཡིན་པར་དོན་དུ་གནས་སོ། །
Domain ཆོས་ལུགས།