From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསོ་ཐབས་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྲུ་གུ་དང་བྱ་རི་དྭགས་སོགས་གསོ་སྐྱོང་བྱ་ཚུལ།
|
གསོ་ཐབས་ (2)
| Part of speech
|
མིང་ཚིག
|
| Definition
|
ནད་པ་སོགས་སྨན་བཅོས་བྱེད་ཐབས་ཏེ། རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་གསར་མས་མཛད་པའི་ཆ་ལག་བཅོ་བརྒྱད་ཀྱི་ཡ་གྱལ་ཁོག་དབུག་ཁྱུང་ཆེན་ལྡིང་བ་ལས། གསོ་ཐབས་ཞེས་བྱ་བ་ནི། ནད་སྟེང་དུ་གཉེན་པོ་གཏོང་བར་བྱེད་པ་སྟེ། སྤྱིར་ཟད་པ་བལྟ་བས་བཅོས་པ་དང་འཕེལ་བ་སྨྱུང་བས་བཅོས་པ་གཉིས། བྱེ་བྲག་ཟས་སྤྱོད་སྨན་དཔྱད་བཞི་ལ། སྨན་ལ་ཞི་བྱེད་སྡེ་ཚན་ལྔ། སྦྱོང་བྱེད་ལ་ལྔ། དཔྱད་སྡེ་ལྔ་ཐུར་མ་དང་དྲུག ཟས་དང་སྤྱོད་ལམ་གཉིས་གཉིས་ཏེ་ཉི་ཤུ་ཐམ་པའོ། །ཞེས་གསུངས།
|
| Domain
|
གསོ་རིག
|