13559
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྨན་པས་ནད་པའི་ཁམས་མ་སྙོམས་པ་གསོ་ཞིང་ནད་ལས་གྲོལ་བའི་ཐབས་ལག་ལེན་གྱི་རིམ་པ་བཅོ་བརྒྱད་དེ། ཐང་དང་། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར་བཅས་ཞི་བྱེད་སྨན་གྱི་སྡེ་ཚན་ལྔ་དང་། སྣུམ་འཆོས་དང་། བཤལ། སྐྱུགས། སྣ་སྨན། འཇམ་རྩི། ནི་རུ་ཧ་བཅས་སྦྱོང་བྱེད་ལས་ཀྱི་སྡེ་ཚན་བདུན་དང་། རྩ་སྦྱོང། གཏར་ཁ། མེ་བཙའ། དུགས། ལུམས། བྱུགས་པ། ཐུར་མའི་དཔྱད་བཅས་འཇམ་རྩུབ་དཔྱད་ཀྱི་སྡེ་ཚན་དྲུག་རྣམས་སོ། ། |
| Domain | གསོ་རིག |