13576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོ་བྱེད་ (1)
Part of speech མིང་ཚིག
Definition སྨན་པའི་མིང་སྟེ། ནད་པའི་ལུས་གསོ་ཞིང་ནད་ཞི་བར་བྱེད་པས་ནའོ། །
Type མངོན་བརྗོད།
གསོ་བྱེད་ (2)
Part of speech མིང་ཚིག
Definition ཁྱིའི་མིང་སྟེ། བདག་པོའམ་མི་ཚང་གིས་ལྟོ་སྤྲད་དེ་གསོ་བར་བྱེད་པས་ནའོ། །
གསོ་བྱེད་ (3)
Part of speech མིང་ཚིག
Definition ཁྱིམ་བྱའི་མིང་སྟེ། ཁྱིམ་བྱའམ་དེ་ཕོ་ཡིས་སྒོ་ང་མང་དུ་བཏང་ནས་མི་རྣམས་ཀྱི་ཁ་གསོ་བར་བྱེད་པས་ནའོ། །
གསོ་བྱེད་ (4)
Part of speech མིང་ཚིག
Definition སྨན་གྱི་མིང་སྟེ། ནད་ཀྱི་གཉེན་པོ་བྱས་ནས་ནད་སེལ་བར་བྱེད་པས་ནའོ། །
གསོ་བྱེད་ (5)
Part of speech མིང་ཚིག
Definition ཚངས་པའི་ཤིང་གི་མིང་སྟེ། ཤིང་འདིའི་ལོ་མས་དར་སྲིན་གསོ་བར་བྱེད་པས་ནའོ། །