13592

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོ་སྦྱོང་ (1)
Part of speech མིང་ཚིག
Definition གསོ་སྐྱོང་དང་སྦྱོང་བརྡར་གྱི་དོན།

{{#arraymap:གསོ་སྦྱོང་

|; |@@@ | | }}

གསོ་སྦྱོང་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། གསོ་སྦྱོང་གི་སྤྱི་དོན་ལ་བདུན་ལས། དང་པོ་གསོ་སྦྱོང་གི་དབྱེ་བ་ལ། དབྱེ་བའི་གཞི་ནི་ཆོས་འདི་བའི་དགེ་སྦྱོང་གི་གསོ་སྦྱོང་མཚན་ཉིད་དང་ལྡན་པ་ཙམ་མོ། །དབྱེ་བའི་སྒོ་དུས་སམ་དགོས་པ་ཐ་དད་ཀྱི་སྒོ་ནས་ཕྱེ་བས་གསོ་སྦྱོང་དྲུག་སྟེ། ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་བྱུང་བ་བཟློག་པའི་གསོ་སྦྱོང་དང་། གསོ་སྦྱོང་བཅོ་ལྔ་བ་དང་། བཅུ་བཞི་བའོ། །གཉིས་པ་བསྡུ་བ་ནི། ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་སུ་འདུས་ཏེ། དང་པོོ་དང་ཐ་མ་ལྔའོ། །གསུམ་པ་མཚན་ཉིད་ནི། ཆོས་འདི་པའི་དགེ་སྦྱོང་གི་བསླབ་པ་ཡོངས་སྦྱོང་ཡིན་པ་གང་ཞིག ཉེས་པ་ཕྱིར་བཅོས་པ་དངོས་གཞིར་གྱུར་པ་མ་ཡིན་ལ་དབྱར་ཚུལ་དང་དགག་དབྱེ་ཡིན་པ་རྣམ་བཅད་ཀྱི་ངོ་བོར་གྱུར་པའོ། །བཞི་བ་གྲངས་ངེས་ནི། དགོས་པ་ལ་ལྟོས་པའི་གྲངས་ངེས་པ་སྟེ། སྤང་བྱ་ལ་ལྟོས་ནས་གསོ་སྦྱོང་གཉིས་སུ་རྣམ་པར་བཞག་སྟེ། སྤང་བྱ་སྔར་བསགས་དག་པར་བྱེད་པ་དང་། ཕྱིས་འབྱུང་རྒྱུན་སྡོམ་པ་ལ་ལྟོས་ནས་གསོ་སྦྱོང་གཉིས་སུ་གསུངས་ཏེ། ཀརྨ་ཤ་ཏཾ་ལས་སྔ་མ་རྣམས་ནི་སྒོམ་པའི་རྣམ་པས་སྦྱངས་པ་ཡིན་པས། དེ་ནི་ཞི་གནས་ཀྱི་གསོ་སྦྱོང་གིས་སྦྱོང་བར་བྱེད་དོ། །ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམ་པ་ཡིན་པས་དེ་ནི་མཐུན་པའི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ་ཞེས་གསུངས་སོ། །བླང་བྱ་ལ་ལྟོས་ནས་གསོ་སྦྱོང་གཉིས་སུ་རྣམ་པར་གཞག་སྟེ། ཚུལ་ཁྲིམས་ཡོངས་སུ་སྦྱོང་བ་ལ་མཐུན་པའི་གསོ་སྦྱོང་དང་། སེམས་དང་ཤེས་རབ་ཡོངས་སུ་སྦྱོང་བ་ལ་ཞི་གནས་ཀྱི་གསོ་སྦྱོང་ངོ་། །དེ་ཡང་ཀརྨ་ཤ་ཏཾ་ལས་མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་པའི་སེམས་དང་ཤེས་རབ་ཀྱི་དབང་དུ་བྱས། ཞེས་གསུངས་སོ། །ལྔ་བ་གོ་རིམ་ནི། ཞི་གནས་ཀྱི་གསོ་སྦྱོང་དང་པོར་བསྟན་པའི་འཐད་པ་ནི། བརྗོད་བྱ་དོན་གྱི་ཆ་ནས་གཙོ་བོ་ཡིན་པའི་ཕྱིར་དང་རྗོད་བྱེད་ཀྱི་ཆ་ནས་ཡི་གེ་ཉུང་བའི་ཕྱིར་ཏེ། ཊཱིཀ་ལས་གཙོ་བོ་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའམ་དེ་དང་པོར་ཞི་གནས་ཀྱི་གསོ་སྦྱོང་བཤད་པར་བྱའོ། །ཞེས་སོ། །མཐུན་པའི་གསོ་སྦྱོང་ཕྱི་ནས་བསྟན་པའི་འཐད་པ་ནི་གཙོ་བོ་མ་ཡིན་པའི་ཕྱིར་དང་ཡི་གེ་མང་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།

{{#arraymap:གསོ་སྦྱོང་

|; |@@@ | | }}

གསོ་སྦྱོང་ (3)
Part of speech མིང་ཚིག
Definition རབ་ཏུ་བྱུང་བའི་བསླབ་པ་སྦྱོང་བར་བྱེད་པའི་ཐབས་གང་ཞིག །ཕྱིར་བཅོས་ཀྱི་དངོས་གཞིའི་སས་མ་བསྡུས་ཤིང་དགག་དབྱེ་དང་དབྱར་ཚུལ་ལས་རྣམ་བཅད་ཀྱི་ངོ་བོར་གནས་པ། རབ་བྱུང་གི་གསོ་སྦྱོང་གི་མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་གསོ་སྦྱོང་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྦྱོར་བ་དངོས་གཞི་མཇུག་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གསོ་སྦྱོང་གི་ཐབས་བཤམས་པ། རང་གཞན་གྱི་ལྟུང་བ་དག་པར་བྱེད་པ། གཙུག་ལག་ཁང་གི་བྱ་བ་རྗེས་སུ་སྒྲུབ་པ། ཆོས་ཉན་བཤད་བྱ་བ། དགེ་བསྐོས་ཀྱི་ཚུལ་ཤིང༌བྲིམས་ཤིང་དགེ་འདུན་བགྲངས་ནས་འདུན་པ་དང་ཡོངས་དག་བླང་བ། དགེ་སློང་གིས་མེ་ཏོག་ཕུལ་ནས་སོ་སོ་ཐར་པའི་མདོ་འདོན་པར་གསོལ་བ་གདབ་པ་རྣམས་ཡིན་པའི་ཕྱིར། དང་པོ་ཡོད་དེ། མཆོད་པ་དང་བཅས་ཏེ་སྟོན་པའི་སུ་གཟུགས་བཞུགས་སུ་གསོལ་པ། དཀར་གཏོར་ཆ་བཞི་བཤམས་པ། དགེ་འདུན་བསྡུས་པའི་ཕྱིར་དུ་གཎྜི་བརྡུང་བ་རྣམས་ཡིན་པའི་ཕྱིར། ཞེས་གསུངས། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བདུན་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཞི་གནས་ཀྱི་གསོ་སྦྱོང་ཇི་ལྟར་བྱ་བའི་ཚུལ་དང་། མཐུན་པའི་གསོ་སྦྱོང་ཇི་ལྟར་བྱ་བའི་ཚུལ་གཉིས་ཡོད་པའི་ཕྱིར། ཞེས་གསུངས། གསོ་སྦྱོང་གང་གིས་བྱ་ན། ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། མཚན་ཉིད་བཞི་ལྡན་གྱི་དགེ་འདུན་གྱིས་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།

{{#arraymap:གསོ་སྦྱོང་

|; |@@@ | | }}