13595
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། གཞི་བཅུ་བདུན་གྱི་ནང་ཚན་ཞིག བསླབ་པ་གསོ་ཞིང་སྡིག་ལྟུང་སྦྱོང་བར་བྱེད་པའི་གཞི་ཞིག་ལ་འཇོག་པ་ཡིན། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལ་དང་པོ་གསོ་སྦྱོང་གི་གཞི་འཆད་པ་ལ། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པར་མི་བྱའོ། །ཞེས་སོགས་ཀྱི་མདོ་གསུངས། དོན་བཤད་དུ་ཡོད་དེ། གསོ་སྦྱོང་གི་དབྱེ་བ། བསྡུ་བ། མཚན་ཉིད། གྲངས་ངེས། གོ་རིམ། ངེས་ཚིག །ཇི་ལྟར་བྱ་བའི་ཚུལ་རྣམས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཞི་གནས་ཀྱི་གསོ་སྦྱོང་། མཐུན་པའི་གསོ་སྦྱོང་། བཀྲ་ཤིས་ཀྱི་གསོ་སྦྱོང་། གནོད་པ་བྱུང་བ་ཕྱིར་བཟློག་པའི་གསོ་སྦྱོང་། གསོ་སྦྱོང་བཅུ་བཞི་པ། གསོ་སྦྱོང་བཅོ་ལྔ་པ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:གསོ་སྦྱོང་གི་གཞི་
|; |@@@ | | }}