13598
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། དོན་གཙོ་བོ་དང་བརྗོད་བྱའི་ཆ་ནས་ཞི་གནས་གསོ་སྦྱོང་སྔོན་དང་མཐུན་པའི་གསོ་སྦྱོང་རྗེས་སུ་བསྟན་པའི་གོ་རིམ་ངེས་པ་ལའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་གོ་རིམ་ཡོད་དེ། ཞི་གནས་ཀྱི་གསོ་སྦྱོང་བརྗོད་བྱའི་གཙོ་བོ་ཡིན་པ་དང་། དེ་སྟོན་པའི་ཡི་གེ་ཉུང་ཞིང་། མཐུན་པའི་གསོ་སྦྱོང་དེ་ལས་བཟློག་པས་དང་པོར་ཞི་གནས་ཀྱི་གསོ་སྦྱོང་དང་། དེ་རྗེས་མཐུན་པའི་གསོ་སྦྱོང་བཤད་པའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། གཙོ་བོ་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའི་ཕྱིར་དང་པོར་ཞི་གནས་ཀྱི་གསོ་སྦྱོང་རྣམ་པར་བཤད་པར་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |