13599
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། རང་རྒྱུད་ཀྱི་བསླབ་པ་གསོ་ཞིང་སྡིག་པ་སྦྱངས་བར་བྱེད་ཅེས་པ་ནི་གསོ་སྦྱོང་གི་ངེས་ཚིག་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་ངེས་ཚིག་ཡོད་དེ། བསླབ་པ་གསུམ་གསོ་ཞིང་སྦྱོང་བར་བྱེད་པས་དེ་སྐད་བརྗོད་པའི་ཕྱིར། དེ་གསུམ་གསོ་ཞིང་སྦྱོང་བའང་ཡིན་ཏེ། མཐུན་པའི་གསོ་སྦྱོང་གིས་ཚུལ་ཁྲིམས་ཀྱི་བསླབ་པ་གསོ་ཞིང་སྦྱོང་། ཞི་གནས་ཀྱི་གསོ་སྦྱོང་གིས་སེམས་དང་ཤེས་རབ་ཀྱི་བསླབ་པ་གསོ་ཞིང་སྦྱོང་བར་བྱེད་པའི་ཕྱིར་ཏེ། དེ་ལྟར་ཡང་། བམ་པོ་ལྔ་བཅུ་པར། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་གསོ་ཞིང་སྦྱོང་བར་བྱེད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། མཐུན་པའི་གསོ་སྦྱོང་དང་། ཞི་གནས་ཀྱི་གསོ་སྦྱོང་ངོ་། དེ་ལ་མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། གནས་དང་ཆོ་ག་དང་ཚོགས་རྣམས་མཐུན་པར་བྱའོ། །ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་ཏེ། སྤོང་བའི་ཡན་ལག་བསྒོམ་པའོ་ཞེས་གསུངས། ཞེས་གསལ། |
| Domain | ཆོས་ལུགས། |