136
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་བཏབ་ནས་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྙུང་རིལ་དབྱིབས་ཕྲ་ལ་ཨ་ར་འདྲ་བ་དང་། སྡོང་པོ་སྔོ་སྐྱ་རྐྱང་བ་ཕྲ་ལ་རིང་བ། སྤུ་དཀར་དང་ཚིགས་པ་ཡོད་པ། སྐྱེ་དངོས་གཞན་ལ་འཁྲིལ་ནས་སྐྱེ་བ། ལོ་མ་ལྗང་སྐྱ་སྒོར་ལ་ཆེ་བ་སྙིང་དབྱིབས་ཅན་གྱི་མཐར་ངེས་གཏན་མེད་པའི་ཉག་ག་ཡོད་པ། རྩ་རིས་དྲ་བ་ལྟར་གྱེས་ཤིང་ངར་པ་རིང་བ་སྡོང་པོའི་ཚིགས་རེ་རེའི་སྟེང་ནས་རེ་མོས་སུ་སྐྱེ་བ། སྡོང་པོ་ཡོངས་ལ་སྤུ་དཀར་རྩུབ་པོ་ལྡན་པ། མེ་ཏོག་དཀར་པོ་འདབ་མ་ལྔ་ལྡན་ཐག་འཁྱུད་མེ་ཏོག་གི་དབྱིབས་ཅན་ལ་ངར་པ་རིང་བ་ལོ་མའི་མཚམས་ནས་འཆར་བ་དང་། ཟེའུ་འབྲུ་སེར་པོ་མང་པོ་ཡོད་པ། འབྲས་བུ་སེར་སྐྱ་ཤིན་ཏུ་ཆེ་བའི་མགོ་སྦོམ་ཤིང་མཇུག་ཕྲ་བ་དང་། དཀྱིལ་ལྡིར་བ། སྟེང་ངོས་སུ་ཉག་ཆེན་ཡོད་པའི་ནང་དུ་ལྷ་བ་སྐྱ་སོབ་ཀྱིས་ཁེངས་པའི་དབུས་སུ་འབྲུ་གསེར་མེའི་འབྲུའི་དབྱིབས་ཅན་མང་པོ་ཡོད་པ་སྟེ། སྤོ་བོ། མེ་ཏོག རྫ་ཡུལ་སོགས་སུ་འདེབས་འཛུགས་བྱེད་ཀྱི་ཡོད། འབྲས་བུ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་བསིལ་སར་བསྐམ་རྒྱུ་དང་། བེད་སྤྱོད་སྐབས་ནང་གི་ལྷ་བ་སྐྱ་སོབ་དང་འབྲུ་མེད་པ་བཟོས་ནས་ཤིང་པགས་འདྲ་བ་དེ་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་སྐྱུར་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པས་ཚ་གྲང་གང་གིས་འཁྲུ་བ་དང་། རྒྱུ་ལོང་གི་ནད་དང་། རྨ་དང་། གློ་ནད་སོགས་ལ་ཕན་པ་ཡིན། |