13601
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དངོས་གཞིའི་ཆོ་ག་ནི་སོ་སོ་ཐར་པའི་མདོ་འདོན་པ་སྟེ་ལུང་གཞི་ལས་གསོ་སྦྱོང་ནི་སོ་སོ་ཐར་པའི་མདོ་གདོན་པའོ་ཞེས་གསུངས་ཤིང་། འདི་ཉིད་ལས་ཀྱང་སོ་སོ་ཐར་པའི་མདོ་གདོན་པས་སོ་ཞེས་སོ། །དེའང་ལེགས་པར་ཐོན་པའི་རྒན་རབས་ཚུལ་ཁྲིམས་དག་པས་གདོན་ཏེ། ལེགས་པར་ཐོན་པས་གདོན་ཏོ་ཞེས་པ་དང་། དགེ་འདུན་གྱི་གནས་བརྟན་གྱིས་སོ་ཞེས་པ་དང་བསླབ་པ་བྱིན་པས་གདོན་པར་མི་བྱའོ་ཞེས་གསུངས་པས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། དགེ་སློང་གང་ཡང་རུང་བ་ཞིག་གིས་ཚུལ་ཤིང་བྲིམ་ནས་དགེ་སློང་གི་གྲངས་གཟུང་སྟེ། སོ་ཐར་གྱི་མདོ་འདོན་པའི་སྒོ་ནས་གསོ་སྦྱོང་བྱེད་པ་ཡིན་ཏེ། གསོ་སྦྱོང་བྱའོ། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །སོ་སོ་ཐར་འི་མདོ་འདོན་པས་སོ། །ཞེས་སོ། །དེ་ཡང་སོ་ཐར་གྱི་མདོ་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ལ་ཐོན་པའི་གནས་བརྟན་གྱིས་ཕན་ཡོན་གྱི་བསྟོད་པ་དང་གླིང་གཞི་འདོན། དགེ་འདུན་ཐུགས་བསྟུན་པའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱས་ལ་ཚེ་དང་ལྡན་པ་དག་ལྟུང་བ་གང་དང་གང་བྱུང་བ་གསལ་པོར་སྨོས་ལ་འཐོལ་བ་དང་བཤགས་པ་གྱིས་ཤིག དེ་ལྟར་མ་བྱས་ན་གསོ་སྦྱོང་ལ་ཕན་ཡོན་མེད་པའི་སྟེང་དུ་ཤེས་བཞིན་དུ་བརྫུན་གྱི་ཉེས་པས་གོས་པར་འགྱུར་རོ། །ཞེས་ལན་གསུམ་དུ་བསྒྲགས་ནས་ལྟུང་བ་ཡོད་པ་རྣམས་འཐོལ་བ་དང་བཤགས་སུ་བཅུག དེ་ནས་ཕམ་པ་སོགས་གང་ལ་བརྩམས་པའི་སྡེ་ཚན་དེ་ནི་རྫོགས་པར་བྱ་དགོས། ཞེས་སོ། ། |
| Domain | ཆོས་ལུགས། |