13602
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གསོ་སྦྱོང་ལ་གྲངས་ནི་ཉུང་མཐའ་དགེ་སློང་བཞི་ཚང་དགོས་ལ། མ་ཚང་ན་གསོ་སྦྱོང་ཡོད་པའི་གནས་གཞན་དུ་ཕྱིན་ནས་དེ་བྱེད་པའམ། ཡང་ན་རང་གི་གནས་དེར་གསོ་སྦྱོང་བྱིན་གྱིས་བརླབས་པའི་སྔགས་ཚིག་ལན་གསུམ་བརྗོད་པར་བྱ་སྟེ། འདི་ལ་འགའ་ཞིག་བྱིན་གྱིས་བརླབས་པའི་གསོ་སྦྱོང་ཞེས་ཀྱང་འདོགས་མོད། དོན་ལ་ནི་གསོ་སྦྱོང་བྱིན་གྱིས་བརླབས་པའི་ཆོ་ག་ཡིན་ནོ། །དགག་དབྱེ་བྱས་པས་གསོ་སྦྱོང་གི་གོ་ཆོད་པ་ནི་དགག་དབྱེའི་གསོ་སྦྱོང་ཡིན་ཏེ། གཞུང་འདིར། དགག་དབྱེ་བྱས་པས་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །ཞེས་དང། ཚིག་ལེར། སྡིག་པའི་སྨན་གྱི་གསོ་སྦྱོང་ནི། །དགག་དབྱེ་བྱས་ནས་ཡང་མི་བྱ། །གསོ་སྦྱོང་དག་པར་བྱ་ཕྱིར་ཏེ། །དགག་དབྱེ་ཡང་ནི་དེ་ཉིད་ཡིན། །ཞེས་སོ། གཞན་ཡང་གནོད་པ་བཟློག་པའི་དང། རྩོད་པ་འདུམ་པའི་དང། བཀྲ་ཤིས་པའི་གསོ་སྦྱོང་རྣམས་ཀྱང་འདུལ་བ་དང་འབྲལ་ཞིང་དགེ་འདུན་གྱིས་བྱ་བའི་གསོ་སྦྱོང་ཡིན་ནོ། །མདོར་བསྡུས་པའི་གསོ་སྦྱོང་ཡང་ལུང་ཁུངས་མ་མཐོང་མོད། འདུལ་འཛིན་དག་གི་ཕྱག་ལེན་ལ་བྱུང་བར་གནང་སྟེ། གསོ་སྦྱོང་གི་དུས་ལ་བབ་པ་ན་སྡིག་པ་ཅི་ཡང་མི་བྱ་ཞིང་ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཙམ་འདོན་པར་བྱེད་པའོ། །སྒྲ་དོན་ནི། དགེ་བ་གསོ་ཤིང་སྡིག་པ་སྦྱོང་བས་ན་གསོ་སྦྱོང་ཞེས་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། |
| Domain | ཆོས་ལུགས། |