13605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོ་སྦྱོང་གི་དམིགས་བསལ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གསོ་སྦྱོང་བྱེད་པའི་གནས་དང་རྟེན་ཆོ་ག་དུས་སོགས་རྐྱེན་དབང་གིས་གཞུང་ལས་བཤད་པ་བཞིན་ཆ་རྐྱེན་མ་འཛོམས་ཀྱང་རྐྱེན་དེ་ལ་ལྟོས་ཏེ་སླ་ཆོས་སུ་བྱེད་ཀྱང་ཉེས་པ་མི་འབྱུང་བ་ནི་དེའི་དམིགས་གསལ་ཡིན་ནོ། །དེ་ལ་དབྱེ་ན། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་དམིགས་བསལ་ཡོད་དེ། གནས་ཀྱི་དམིགས་བསལ། རྟེན་གྱི་དམིགས་བསལ། ཆོ་གའི་དམིགས་བསལ། དུས་ཀྱི་དམིགས་བསལ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།