13608
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགོས་པའི་དོན་ནི་གསུམ་སྟེ། ཚུལ་ཁྲིམས་དག་པར་འགྱུར་བ་དང་། ཆོས་དག་པར་འགྱུར་བ་དང་། གསོ་སྦྱོང་མ་བྱས་པའི་ཉེས་བྱས་ཁེགས་པའོ། །དང་པོ་ནི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ན་གསོ་སྦྱོང་གསུངས་ལ་ཞེས་བཤད་དེ། གསོ་སྦྱོང་གི་གནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུང་བ་བཤགས་པ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིས་བརླབ་པ་བྱས་ནས་གསོ་སྦྱོང་བྱེད་པ་ཡིན་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་ནི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ན་དགག་དབྱེ་གསུངས་ཞེས་བཤད་ཅིང་། འོད་ལྡན་ལས་གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིག་ཉིད་ཡིན་ནོ་ཞེས་དགོས་པ་གཅིག་ཡིན་པར་བཤད་པས་ཆོས་དག་པ་དེ་གསོ་སྦྱོང་གི་ཡང་དགོས་པ་ཡིན་པ་གྲུབ་བོ། །ཆོས་དག་པ་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བའི་ཆོས་དག་པར་འགྱུར་བ་སྟེ། དགེ་བའི་བསམ་པ་མངོན་གྱུར་དང་བཅས་ཏེ་གསོ་སྦྱོང་བྱེད་པའི་ཕྱིར་དང་དུས་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པ་ལ་བརྟེན་ནས་མི་རྟག་པ་དྲན་པས་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་མངོན་དུ་རྒྱུ་བ་མི་འབྱུང་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
| Domain | ཆོས་ལུགས། |