13616
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གསོ་སྦྱོང་གི་ལས་བྱེད་པ་པོས་སོ་སོ་ཐར་པའི་མདོ་འདོན་པ་ལྟར་མདོ་དོན་ཉམས་སུ་མྱོང་བ་དེ་ལ་གསོ་སྦྱོང་དངོས་གཞི་ཞེས་པ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དངོས་གཞི་ཡོད་དེ། སོ་སོ་ཐར་པའི་མདོ་གདོན་པས་སོ་ཞེས་འབྱུང་བ་ལྟར། དེའི་སྒོ་ནས་གསོལ་བ་འབའ་ཞིག་གཞི་ལས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། དགག་དབྱེ་བྱས་པའི་ཚེ་གསོ་སྦྱོང་བྱ་མི་དགོས་པ་ཡང་། དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ཞེས་པའི་མདོ་ལས་སོ། །མདོ་གདོན་ཚུལ་ཡང་། གླེང་གཞི་གདོན་པ་དང་གསོལ་བ་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ལྷག་མ་ནི་ཐོས་པ་བསྒྲགས་པས་ཀྱང་ངོ་། །བརྩམས་པའི་སྡེ་ཚན་ནི་རྫོགས་པར་བྱ་དགོས་སོ། །བཞི་པ་ལ་རེག་ན་རིལ་གྱིས་སོ། །ཞེས་པའི་མདོ་འབྱུང་བ་ལས་ཤེས་སོ། །མདོ་འདོན་པ་པོ་ཡང་། མདོར། ལེགས་པར་ཐོན་པས་གདོན་ཏེ། ཚིག་ཕྱེད་ཀྱང་མ་འཁྲུག་པ་ཉིད་ནའོ། །དགེ་འདུན་གྱི་གནས་བརྟན་གྱིའོ། །མི་ནུས་པ་ཉིད་ཡིན་ན། གཉིས་པའི་འོ། །དེས་ཀྱང་ན་གསུམ་པའི་འོ། །དེས་ཀྱང་ན་རེས་ཀྱིས་སོ། །མི་ནུས་ན་གཞན་ལ་བཅོལ་བར་བྱའོ། །མ་བཏུབ་ན་དགེ་འདུན་གྱིས་སོ། །རྟག་ཏུ་ཡང་ངོ་། རྡུགས་ན་ལྷག་མ་གཞན་གྱིས་སོ། །དུམ་བུ་འཛིན་པ་ཉིད་ཡིན་ན་ཇི་སྙེད་ཀྱིས་འགྲུབ་པ་དག་གིས་སོ་ཞེས་གསུངས་པས་བསྟན་ཏེ། ཕལ་ཆེར་གོ་སླ་བར་ཟད། ཅེས་གསུངས། |
| Domain | ཆོས་ལུགས། |