13619

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོ་སྦྱོང་བཅུ་བཞི་པ་བྱ་བའི་དུས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཟླ་བ་བཅུ་གཉིས་པོའི་ཡ་ཟླ་དྲུག་གི་མར་ངོའི་གསོ་སྦྱོང་བྱེད་པའི་དུས་གང་ཡིན་པ་བཅུ་བཞི་བ་བྱ་བའི་དུས་སོོ། །ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས། གསོ་སྦྱོང་བཅུ་བཞི་པ་གང་ལ་འབྱུང་བ་ནི་སྔར་བཤད་པ་དག་གིས་རྟོགས་ནུས་ལ་བྱེ་བྲག་རང་མིང་གིས་བརྗོད་ན་ཚིག་ལེར། ཁ་བ་སོས་ཀ་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ནི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་དང་། དགེ་ཚུལ་གྱི་ལོ་དྲི་བར། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་དང་། དགེ་སློང་གི་ལོ་དྲི་བར་ཕྱེད་ཚེས་ཀྱི་དབང་དུ་བྱས་ནས་དབྱར་དགུན་འབྲིང་མི་ཐུབ། སྟོན་དཔྱིད་འབྲིང་ཐུབ་པར་གསུངས་པ་དང་། རྒྱ་ཆེར་འགྲེལ་ལས། རིལ་ཚེས་ཀྱི་དབང་དུ་བྱས་ནས་དེ་ལས་ལྡོག་སྟེ་གསུངས་པ་རྣམས་དོན་གཅིག་ཏུ་འབྱུང་བ་དགོས་ལ། ལོ་མགོ་འཛིན་ཚུལ་དང་། རྒྱུ་སྐར་གྱི་མིང་ནས་སྨོས་པའི་ཟླ་བ་རྣམས་ཕྱེད་ཚེས་ཀྱི་དབང་དུ་བྱས་པའི་ཚུལ་རྟོགས་ན་འདི་རང་ཤུགས་ཀྱིས་འབྱུང་ངོ་ཞེས་སོ། །
Domain ཆོས་ལུགས།