13624
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གནས་ཆོས་ལྔ་ལྡན་སྟེ། གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ། ཉེ་འཁོར་འདོམ་གང་ཡན་ཆད་དང་ལྡན་པ། མཚམས་པོ་ཆེའི་ནང་ཡིན་པ། གཙང་ཞིང་ཡངས་པ་ཡིན་པ། འཇིགས་པའི་ཉེན་ཅན་མ་ཡིན་པ་དང་ལྔའོ། །དེ་ཡང་གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ་ཞེས་གསུངས་པ་དང་། གཞན་དུ་ན་ཆོ་ག་མི་ཚང་བའི་ཕྱིར་རོ། །ཉེ་འཁོར་འདོམ་གང་ཡན་ཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པའི་ཞེས་གསུངས་པ་དང་། གཞན་དུ་ན་བློ་མཐུན་གྱིས་ཆོ་ག་དང་འགལ་བའི་ཕྱིར་རོ། །མཚམས་པོ་ཆེའི་ནང་ཡིན་པ་སྟེ་ལུང་གཞི་ལས་མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ་གསོ་སྦྱོང་དང་དགག་དབྱེ་བྱའོ་ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་ཀུན་གསོ་སྦྱོང་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་དང་། དེ་ལྟ་ན་ཡང་དཀྱིལ་འཁོར་བར་བྱའོ་ཞེས་དམིགས་གསལ་དུ་གསུངས་པའི་ཕྱིར་རོ། །གཙང་ཞིང་ཡངས་པ་ཡིན་པ་སྟེ། གསོ་སྦྱོང་གི་གནས་དག་དུ་ཕྱག་བདར་བྱ་བ་ཉིད་དོ་ཞེས་གསུངས་པ་དང་། གཞན་དུ་ན་འདུལ་བ་ནས་གསུངས་པའི་ཚུལ་ལུགས་དང་མི་མཐུན་པའི་ཕྱིར་རོ། །འཇིགས་པའི་ཉེན་ཅན་མ་ཡིན་པ་སྟེ། འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཞེས་གསུངས་པ་དང་། གཞན་དུ་ན་བར་ཆད་དུ་འགྱུར་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། |
| Domain | ཆོས་ལུགས། |