13653

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོག་འཇོག་ཏུ་སོང་བ་ཟོས་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གིས་གསོག་འཇོག་ཏུ་སོང་བའི་སྨན་བཞི་བོ་གང་རུང་ཁམ་གཅིག་ཡན་ཆད་ཟོས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། སྨན་བཞི་པོ་གང་རུང་རང་གིས་གསོག་འཇོག་དུ་བཞག་པའམ། རང་དང་ཆོ་ཞག་གཅིག་པས་གསོག་འཇོག་ཏུ་བཞག་པ་རྣམས་ཁམ་གཅིག་ཡན་ཟོས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་ནག་པོ་ཆེན་པོས་གསོག་འཇོག་བྱས་པ་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་སྲེད་པ་ཆེ་བའི་སྒོ་ནས་གཞན་དག་མ་དད་པ་འགྱུར་བའོ། །ཞེས་གསུངས།
Domain ཆོས་ལུགས།