13671

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོད་པ་དྲུག་གི་གདམས་ངག་བསྟན་པ་ (1)
Part of speech མིང་ཚིག
Definition འདྲེ་གདོན་ཞི་བར་འདོད་ན་ལུས་སྲོག་གཅེས་འཛིན་སོད། །མཐུན་འཇུག་བྱ་བར་འདོད་ན་ང་རྒྱལ་ཁེངས་སེམས་སོད། །སྡུག་བསྔལ་ཞི་བར་འདོད་ན་གཉིས་འཛིན་མཚན་མ་སོད། །གནས་ལུགས་དགོངས་པ་འདོད་ན་གཉེན་པོ་མཆོག་འཛིན་སོད། །གཉིས་མེད་ཡེ་ཤེས་འདོད་ན་སྒོམ་བློའི་གཉེན་པོ་སོད། །ཚེ་གཅིག་བྱང་ཆུབ་འདོད་ན་ཕྱི་ཤོལ་ལེ་ལོ་སོད། །དེ་དག་ལྡན་ན་གང་ཡིན་བདུད་བཞི་དགྲ་ལས་རྒྱལ། །ཞེས་གསུངས།
Domain ཆོས་ལུགས།