13686
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསོན་པོ་དག་གི་ལོ་རྟགས་བྱི་བ་སོགས་ལོ་འགྲོས་བཅུ་གཉིས་ལས་གང་ཡིན་ན། དེ་གནས་སའི་ཕྱོགས་ལ་གསོན་གྱི་སྒོ་ཕྱོགས་ཞེས་ཟེར་ཞིང་། གཤིན་པོ་གང་གི་ཕུང་པོ་རང་དང་ཉེ་བའི་ཤུལ་ལུས་གསོན་པོ་རྣམས་ཀྱི་སྒོ་ཕྱོགས་དེར་འདོན་མི་རུང་། གལ་སྲིད་གསོན་ལོ་མང་དྲགས་ཏེ་འདོན་ཕྱོགས་འགགས་ན། ཤར་སྟོད་སྟག་གི་གནས་ཕྱོགས་ལྟ་བུ་ཡང་སྟག་སྡེ་ལྔའི་ཆེད་དུ་ཆ་ལྔར་བགོས་ནས་གསོན་ལོ་དང་དབང་ཐང་གཅིག་པའི་དྲང་ཐད་གཅིག་པུར་མ་གཏོགས་བཏོན་ཀྱང་རུང་བ་ཡིན། དེ་མིན་གསོན་གྱི་གཤེད་ཕྱོགས་ཅེས་པ་གསོན་ལོ་སྟག་ཡོས་ཡོད་ན་ནུབ་ཕྱོགས་ལྟ་བུ་སྲོག་གི་དགྲ་ཐོག་དང་། བྱི་བ་ཡོད་ན་ལྷོ་སྨད་རྟ་ཐོག་ལྟ་བུ་གསོན་ལོའི་བདུན་ཟུར་གྱི་ཕྱོགས་སུ་ཡང་སོ་སོར་ཉེ་བའི་གཤིན་ཕུང་འདྲེན་མི་རུང་ལ། ཕུང་པོ་ཕྱིར་འདོན་པའི་སྐབས་ཀྱི་ཞག་དུས་ཀྱི་རང་དགྲའི་ཕྱོགས་སུ་ཡང་འཛེམ་དགོས་པར་བཤད། |
| Domain | རྩིས་རིག |